བདེ་ཆེན་ཁུལ་གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-19   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་12པའི་ཚེས་18ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་དམིགས་འབེན་ལ་དམིགས་པ། རོགས་སྐྱོར་ལས་ཀའི་སྤུས་ཚད་དང་ཕན་ནུས་མཐོ་རུ་བཏང་ནས། བདེ་ཆེན་གྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཆེ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས།

    ཚོགས་འདུའི་ཐོག་གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣ་ཚང་མས་རྒྱལ་ཁབ་གི་སྐུལ་བརྡ་ལ་དང་ལེན་ཧུར་ཐག་བྱེད་པ་དང་ས་མཐོའི་གྲང་ངར་ཆེན་པོ་དང་གསོ་རླུང་ཉུང་བར་མི་སྐྲག་པ། བདེ་ཆེན་ཕ་ཡུལ་དུ་གྱུར། བདེ་ཆེན་མི་དམངས་ཁྱིམ་མི་རུ་གྱུར་ནས། བྱ་སྤྱོད་དངོས་ཀྱིས་ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ། ཁུལ་རིམ་འགོ་ཁྲིད་ཚན་པ་བཞི་ཡིས་མངགས་གཏོང་ལས་ཁུངས་ཁག   གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣའི་ལེགས་སྐྱེས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞེས་བསྟན།

    ཚོགས་འདུའི་ཐོག་བདེ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཡོངས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་གྱུར་བྱུང་དགོས། གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣ་ཡོངས་ཀྱིས་རོགས་སྐྱོར་ལས་ཀ་དོན་ཐོག་འཁྱོལ་དགོས། རོགས་སྐྱོར་ལས་ཀ་མུ་མཐུད་རྒྱ་ཆེར་སྐྱེད་ནས་ཁུལ་ཡོངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་ཁུལ་ལ་རོགས་སྐྱོར་བྱས་ནས་དེ་བས་མང་བའི་ཆེད་ལས་མི་སྣ་གསོ་སྦྱོང་བྱེད་དགོས་པའི་ནན་བཤད་གནང་།

    ཚོསག་འདུའི་ཐོག་འབྲེལ་ཡོད་སྡེ་ཁག་གིས་ལམ་ལུགས་འགན་སྲུང་ཤུགས་ཆེར་བཏང་ནས་གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣ་ལ་ལས་བྱེད་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་འདོན་པ། ཆབ་སྲིད་ལ་སེམས་ཁུར། ལས་ཀར་རོགས་སྐྱོར། འཚོ་བར་དོ་ཁུར་བྱས་ནས་གནས་སྦྱར་ལས་བྱེད་པ་དང་རོགས་སྐྱོར་མི་སྣས་དེ་བས་སེམས་བདེ་བློ་བདེ་ངང་ལས་ཀ་སྒྲུབ་རྒྱུར་འཇུག་དགོས་པའི་བླང་བྱ་བཏོན།

    ཚོསག་འདུའི་ཐོག་གནས་སྦྱར་ལས་བྱེད་པ་དང་སློབ་གསོ། སྨན་བཅོས་རོགས་སྐྱོར་ཚོགས་ཁག་གི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་།

    ཁུལ་འགོ་ཁྲིད་ཁྲིན་ཆོན། དབྱང་ཞུའེ་ཝུན། དབྱང་ཅན་ཧྭ། ཁྲིན་ཅུན་མིན། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་དུ་ཞུགས།