སྤྱི་ལོ2025ལོའི་ཟླ4ཚེས6ཉིན། གཟའ་ཉི་མ།

ཁུལ་ཨུས་འོས་སྐུལ་འོས་དཔོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྲིད་གཙང་ཉེན་ཁ་སྔོན་འགོག་ཤུགས་ཆེར་གཏོང་བའི་ཆེད་དོན་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-20   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་19ཉིན།   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འོས་སྐུལ་འོས་དཔོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྲིད་གཙང་ཉེན་ཁ་སྔོན་འགོག་ཤུགས་ཆེར་གཏོང་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་འཚོགས་པ། མཐའ་ཚད་འཛིན་སེམས་བརྟན་པོ་འཛུགས་པ། སྲིད་གཞུང་ལས་ནུས་བསྒྱུར་བ། འོས་སྐུལ་འོས་དཔོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྲིད་གཙང་ཉེན་ཁ་སྔོན་འགོག་ཤུགས་ཆེར་གཏོང་ནས་སྟོབས་ཤུགས་གང་ཡོད་ཀྱིས་ཚོང་རའི་ཁོར་ཡུག་ལེགས་པོ་ཞིག་འཛུགས་པ།

    ཚོགས་འདུའི་ཐོག་ཁུལ་རིམ་འབྲེལ་ཡོད་སྡེ་ཚན་གྱི་འོས་སྐུལ་འོས་དཔོད་ལས་ཀ་སྒྲུབ་ཚུལ་སྙན་སེང་ཉན་པ། གནས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་དབྱེ་ཞིབ་བྱས། འོས་སྐུལ་འོས་དཔོད་ཚོང་ར་ཚད་ལྡན་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་ལས་ཀ་ཞིབ་འཇུག་བྱས།

    ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་སྡེ་ཚན་སོ་སོས་སྤྱི་དོན་དབང་ཆ་ཚད་ལྡན་དུ་སྤྱོད་པ། ཞབས་ཞུའི་འདུ་ཤེས་ཤུགས་ཆེར་གཏོང་བ། སྟོབས་ཤུགས་གང་ཡོད་ཀྱིས་ཚོང་རའི་འགྲན་རྩོད་ཁོར་ཡུག་ལེགས་པོ་འཛུགས་དགོས། མ་བྱུང་སྔོན་འགོག་རྒྱུན་འཁྱོངས་བྱེད་པ་དང་དྲིལ་བསྒྲགས་སྣེ་ཁྲིད་ཤུགས་ཆེར་གཏོང་ནས། ཉེན་ཁ་མ་བྱུང་སྔོན་ལ་སྔོན་འགོག་གང་ཐུབ་བྱེད་དགོས་ཞེས་པའི་ནན་བཤད་གནང་།

    ལུའོ་ཁྲའོ་ཧྥེང་གིས་སྣེ་ཁྲིད་སྡེ་ཚན་དང་ལས་རིགས་སྡེ་ཚན་གྱི་ལས་འགན་ནན་པོ་འཁུར་བ། གཅིག་འགྱུར་མཐུན་སྦྱོར་ཤུགས་ཆེར་གཏོང་བ། རྗེས་འདེད་མཛུབ་སྟོན་ཤུགས་ཆེར་གཏོང་བ། ལྟ་སྐུལ་དོ་དམ་ལས་འགན་ལག་བསྟར་བྱེད། ཁྲིམས་མཐུན་གྱིས་འོས་སྐུལ་འོས་དཔོད་བྱེད་སྒོ་ཚད་ལྡན་དུ་གཏོང་། འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ནན་པོའི་ངང་ཐག་གཅོད་བྱེད་དགོས། ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་བརྒྱུད་རིམ་ཡོངས་ཀྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་ནས། བརྒྱུད་རིམ་ཚད་ལྡན་དང་། ཞབས་ཞུ་ལེགས་པ། ཉེན་ཁ་སྔོན་འགོག་བཅས་ལ་སྐུལ་འདེད་ནུས་ཡོད་གཏོང་དགོས་པའི་བླང་བྱ་བཏོན།

    ཁུལ་འགོ་ཁྲིད་ཀྲུའུ་ཧུང་། ཁྲིན་ཆོན། དབྱང་ཞུའེ་ཝུན།  ཁུལ་རིམ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།