རྩོམ་པ་པོ། ཡིག་བསྒྱུར། དུས་ཚོད། 2024-12-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་12པའི་ཚེས་24ཉིན། ཧྭ་ནེང་ཚོགས་ཁག་གི་ཆ་འཕྲིན་ལྟར། འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་འོད་ཤུགས་རྣམ་གྲངས —— ཧྭ་ནེང་གནམ་པོ་འོད་ཤུགས་གློག་འདོན་ས་ཚིགས་དུས་ཚིགས་དང་པོའི་རྣམ་གྲངས་དེ་ཡུན་ནན་བདེ་ཆེན་ནས་དངོས་སུ་དྲ་སྦྲེལ་གློག་འདོན་བྱེད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་སྨི་5240ལས་བརྒལ།
ཧྭ་ནེང་གནམ་པོ་འོད་ཤུགས་གློག་འདོན་ས་ཚིགས་ནི་ཧྭ་ནེང་རྫ་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་གཙང་སྦྲའི་ནུས་ཁུངས་གནས་གཞིའི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ཡིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཞིང་གྲང་ངར་ཆེ་བའི་མི་མེད་ས་ཁུལ་དུ་གནས། དུས་ཚིགས་དང་པོའི་རྒྱ་ཁྱོན་ཁྱབ་ཚད་མུའུ་1900ཟིན།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ནས་སྨི་5300བར་འོད་ཤུགས་གྲམ་སྟར་ཁུལ་32འཛུགས་སྐྲུན་བྱས་ཡོད་པ་དང་། སྤྱིའི་གློག་འདོན་ཤུགས་ཀྱི་རྒྱ་ཁྱོན་ཆན་ཝ་ཁྲི་10ཟིན། གློག་འདོན་ས་ཚིགས་ཀྱི་དུས་ཚིགས་དང་པོའི་རྣམ་གྲངས་འཛུགས་སྐྲུན་བྱས་རྗེས། ལོ་རེའི་གློག་འདོན་ཚད་ཆུ་ཚད་རེར་ཆན་ཝ་དུང་ཕྱུར་1.58ཟིན་པ་དང་དུད་ཚང་ཁྲི་5.2ཀྱི་ལོ་རེའི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་རེད།