ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་བདེ་ཆེན་དུ་ཚུར་སྣང་ཆེན་པོ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2024ལོའི་ཟླ་12པའི་ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསུངས་པའི་2025ལོའི་ལོ་གསར་གྱི་ཤིས་ཚིག་བདེ་ཆེན་ཁུལ་ལས་བྱེད་པ་དང་མང་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ། ལོ་གསར་པར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་གཏོད་བྱེད་རྒྱུ་ཞེས་བསྟན།

        བདེ་ཆེན་ཁུལ་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ལི་ཤིན་ཆོན་གྱིས་བུ་ལི་ཞང་དང་2025ལོའི་ལོ་གསར་གྱི་ཤིས་ཚིག་ཉན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེའི་ཁྲོད་ནས་ཀྲུང་གོའི་སྟོབས་ཤུགས་བསྡུ་ལེན་བྱེད་ནས་ཕུགས་འདུན་ཆེན་པོ་འཛུགས་པ། ཡིད་ཆེས་བརྟན་པོ་འཛུགས་པ། ཕུགས་བསམ་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་གཏོང་བ།

        འཇོལ་རྫོང་ཚོ་དྲུག་གྲོང་སྡེའི་བག་སྟོན་དུ་ཡོད་པའི་ཞའོ་ཧུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས་ལོ་གསར་པར་ཤིས་ཚིག་ཐོག་གསུང་བར་ལྟར་ང་ཚོར་རེ་བས་ཁེངས་སུ་བཅུག་ནས་ལོ་གསར་བ་བསུ་བ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས།

        འབའ་ལུང་རྫོང་ཕན་ཐན་ཀོ་ཤང་ཞེ་ཅུས་གྲོང་སྡེའི་ཡུལ་མི་ཏུང་རུན་ལན་གྱིས་ཁྱིམ་མི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ཉན་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཐོག་ཁྱིམ་དོན་དང་། རྒྱལ་དོན། གནམ་འོག་གི་དོན་དག་ཚང་མའི་ཁྲོད་ནས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་དེ་རེད་ཅེས་གསུང་ཡོད། དེས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་།ཉེ་བའི་ལོ་འགའི་རིང་གྲོང་སྡེར་འཕོ་འགྱུར་ཆེན་པོ་བྱུང་བ། མི་སྡོད་ཁོར་ཡུལ་རྒྱུན་མཐུད་མཐོ་རུ་གཏོང་བ་དང་། གཞི་རིམ་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ཡུལ་མིས་སྟབས་བདེ་ཞིང་སྐྱིད་པའི་ཁོར་ཡུག་ཁྲོད་ཐོན་སྐྱེད་དང་འཚོ་བ་གཏོང་བས་གྲོང་གསེབ་དར་རྒྱས་ཀྱིས་བདེ་སྐྱིད་སྣང་ཚོར་ཐུབ་པ་ཞེས་བཤད།