ལྕ་བ་འདེབས་འཛུགས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-02   རྩོམ་ཁུངས།    བདེ་ཆེན་སློབ་སྦྱོང་སྟེགས་བུ།

           དགུན་དུས་ཀྱི་ཉི་འོད་འཇམ་པོའི་འོག     སྨན་རྩྭ་ལྕ་བའི་དྲི་ཞིམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཐང་སྟེང་ཤང་གི་ཡུལ་ལུང་སོ་སོར་ཁྱབ་ཡོད།   ཏག་ཏག་བར་འདི་ནི་ལྕ་བ་བསྡུ་ལེན་བྱེད་པའི་དུས་ཚིགས་ཡིན་ལ་གྲོང་མི་ཚོའི་གདོང་ལ་སྤྲོ་སྣང་གིས་འཁེངས་པའི་དུས་སྐབས་ཀྱང་ཡིན། གྲོང་མི་ཚོས་ད་སོ་མ་བརྐོས་པའི་ལྕ་བ་རེ་རེ་ས་ཐོག་ཏུ་བཀྲམས་ཡོད་པ་དང་།   བརླན་བཤེར་ཡལ་རྗེས་སོ་སོའི་ཁ་དོག་སྙོམས་ཤིང་སྤུས་ཀ་བཟང་བའི་ལྕ་བ་རྣམས་ཞིབ་ཚགས་ཀྱིས་གདམས་གསེས་བྱས་ཏེ་སྣོད་ནང་དུ་བླུགས་ནས་ཉར་ཚགས་དང་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་ཡོད།