སྲོལ་རྒྱུན་རྒྱན་གོས་མིག་ལ་མཛེས། ཀྲུང་ཧྭ་རིག་གནས་ཕུན་སུམ་ཚོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-06   རྩོམ་ཁུངས།    中央广播电视总台藏语

    ཉེ་ཆར།  སྐབས་དང་པོའི་བོད་ལྗོངས་ཀྱི་ཁྱད་ལྡན་གྱོན་ཆས་རྒྱུན་འཛིན་ཞེས་པའི་རྒྱན་གོས་རིག་གནས་གཟའ་འཁོར་བོད་ལྗོངས་ཟློས་གར་ཁང་ཆེན་དུ་གཉེར་བཞིན་ཡོད།  འགྲེམས་སྟོན་རིང་།  ཀྲུང་ཧྭ་མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་གྱིས་སྔོན་བསུས་པ་དང་།  བར་དུ་དེང་དུས་ཀྱི་བོད་བཟོའི་གྱོན་གོས་འགྲེམས་སྟོན།  མཇུག་ཏུ་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་བྱས་པས་ས་གནས་ས་ཐོག་གི་ལྟད་མོ་བར་མིག་གི་སྟོན་མོ་གཟབ་རྒྱས་བཤམས་ཡོད།

    བོད་རིགས་ཀྱི་རྒྱན་གོས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་དེས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་མངོན་གྱི་ཡོད། གང་དེར་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པས་ཡུལ་ལུང་སོ་སོའི་བོད་རིགས་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་དང་མཛེས་ཆོས་ལྟ་བ། བསམ་པའི་ཉམས་སྣང་བཅས་གང་ལེགས་མཚོན་བཞིན་མཆིས།  

    དུས་ཡུན་ཉིན་ལྔའི་རྒྱན་གོས་རིག་གནས་གཟའ་འཁོར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུས་གཙོ་ཐིག་བྱས་པ་དང་།  སྲོལ་རྒྱུན་དང་དེང་རབས་ཀྱི་རྒྱན་གོས་འགྲེམས་སྟོན་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད་ལ།  ད་ཐེངས་ཀྱི་བོད་ལྗོངས་ཀྱི་སྐབས་དང་པོའི་རྒྱན་གོས་རིག་གནས་གཟའ་འཁོར་རིང་རྒྱ་ཆེའི་ལྷ་སའི་གྲོང་མི་དང་ཡུལ་སྐོར་བར་སྲོལ་རྒྱུན་གྱི་རྒྱན་གོས་འགྲེམས་སྟོན་སོགས་མིག་གི་སྟོན་མོ་གཟབ་རྒྱས་བཤམས་ཡོད།