རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།
(2025ལོའི་ཟླ་1པོའི་ཚེས་13ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་། )
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དེ་2025ལོའི་ཟླ་1པོའི་ཚེས་13ཉིན་སེམས་ཀྱི་ཉི་ཟླ་རུ་འཚོགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན་29དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་7ཡོད། ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན། ཁུལ་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་གཞི་རིམ་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ནི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་གནང་བའི་ལས་ཀའི་སྙན་ཞུ་དང་དེ་བཞིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་གིས་གནང་བའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གསན་པ་དང་གྲོས་བསྡུར་གནང་བ།བདེ་ཆེན་ཁུལ་གྱི་2024ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་སྙན་ཞུ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་2024ལོར་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གཙོ་གཟུགས་འགན་འཁྲིའི་གནས་ཚུལ་སྙན་ཞུ།བདེ་ཆེན་ཁུལ་གྱི2024ལོའི་འདུ་ཤེས་འཛིན་སྟངས་གི་ལས་དོན་གནས་ཚུལ་སྙན་ཞུ་བཅས་ཉན་པ་དང་གྲོས་བསྡུར་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ། ཚང་མས་མཐའ་གཅིག་ཏུ་“འགྲན་སློང་བཞི་”རིམ་བརྩེགས་ཀྱི་ཉམས་ཚོད་ཛ་དྲག་གི་མདུན་དུ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་དམ་པོར་དམ་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོམ་སྟབས་བརྟན་པོ་སྤོས་ཡོད། གཅིག་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “སེམས་གཤེར་”གྱི་ལས་གྲྭ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “བརྒྱད་ལྟ་ལྔ་བསྡུར་”གྱི་བྱེད་སྒོ་སྤེལ་བ་བརྒྱུད་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྲ་བརྟན་ངང་བློ་ཁ་པེ་ཅིང་ལ་གཏད་ནས་སྲོག་ཤིས་ལ་བརྩི་བཀུར་ཞུ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། གཉིས་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་དུས་རིམ་གསུམ་ལ་དབྱེ་ནས“རྨང་གཞི་སྟོབས་ཆེར་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་གསར་པ་མཐོར་འདེགས་ཡོང་བ་བྱས། གསུམ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཆོས་ལུགས་ལས་དོན་ལ་གོམ་སྟབས་གསར་པ་སྤོས་པ།བཞི་ནི་ཡིད་ཆེས་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་དང་གཉེར་སྐྱོང་བྱེད་པོ་དམ་འཛིན་ཆེན་པོ་བྱས་ཏེ། ཟླ་རེའི་ཐོག་ནས་དུས་ཚིགས་འགན་ལེན་དང་དུས་ཚིགས་ཐོག་ནས་ལོ་འགན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་ཡོང་བ། ལྔ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཤུགས་རྒྱག་ས་དེ་ཐོན་ལས་གསོ་སྐྱོང་ཐད་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཤུགས་ཆེན་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། གནོད་མེད་ནུས་རྒྱུ་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གནོད་མེད་གཏེར་ལས་འཕེལ་རྒྱས་གསར་པ་བྱུང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཚད་བརྒལ་གསར་པ་མངོན་འགྱུར་བཅས་བྱས་ཡོད། དྲུག་ནི་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱས་ཏེ། དམངས་འཚོ་དོན་དག་རྒྱུན་མཐུད་ལེགས་པར་བསྒྲུབས་པས། དམངས་འཚོ་བདེ་སྐྱིད་ལེགས་བཅོས་གསར་པ་ཡོང་བ། བདུན་ནི་ཞི་ཅིན་ཕིང་གྱི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ། རི་ལྗང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་བྱས་ཏེ། ལྗང་མདོག་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། བརྒྱད་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། ལས་བྱེད་པའི་དཔུང་ཁག་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཨུ་ལྷན་གྱིས་སྐོར་ཞིབ་དང་ཆབ་སྲིད་སྣོད་བཅུད་གནས་ཡུལ་དུ་བརྟག་དཔྱད་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཏང་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་ངོས་འཛིན་གཅིག་མཐུན་བྱུང་བ།
ཚོགས་འདུའི་ཐོག་དོན་ཆེན་དང་དཀའ་གནད་དེ་འགན་འཁུར་བར་བལྟ་དགོས། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་འགྲན་སློང་ཛ་དྲག་ཡིན་ན། ལས་བྱེད་པར་དེ་ཙམ་གྱིས་ཚོད་ལྟ་བྱེད་ཐུབ་ལ། ལས་བྱེད་པའི་ལངས་ཕྱོགས་དང་། གཤིས་རྒྱུད། ནུས་པ། འདོད་བློ་བཅས་ཀྱང་དེ་ཙམ་གྱིས་ཞིབ་བཤེར་བྱེད་ཐུབ། མིག་སྔར། བདེ་ཆེན་ནི་སྲིད་ཇུས་རྩེག་རྩེགས་ཀྱི་གོ་སྐབས་བཟང་པོ་དང་། ཡུན་རིང་བདེ་འཁོད་ཀྱི་སྐུལ་འདེད་དུས་ཚོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་བཅས་སུ་གནས་ཡོད་པས། མདུན་སྐྱོད་ལམ་བུའི་ཐོག་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། ངེས་པར་དུ་རྩ་འཛུགས་ལ་འགན་འཁུར་རྒྱུ་དང་། ལོ་རྒྱུས་ལ་འགན་འཁུར་རྒྱུ། མི་རིགས་ཁག་གི་མང་ཚོགས་ལ་འགན་འཁུར་རྒྱུ་བཅས་ཀྱི་རྣམ་འགྱུར་གཞིར་བཟུང་། ཧུར་བརྩོན་དང་རང་འགུལ་ངང་ཁ་གཏད་གཅོག་ནས་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་དང་། འགྲན་སློང་གོ་སྐབས་སུ་འགྱུར་བ་བྱས་ཏེ། བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་2025ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་དང་། “3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་གྱི་“ལོ་གསུམ་ནང་སྐས་རིམ་དུ་སླེབས་པ་”མངོན་འགྱུར་བྱེད་པའི་ལོ་དང་། ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་ཐག་གཅོད་ཀྱི་འཐབ་འཛིང་དང་རྒྱལ་ཁ་ཐོབ་པའི་ལོ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བྱེད་པའི་ལོ་བཅས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་དམ་པོར་དམ་འཛིན་བྱས་ཏེ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བརྩི་བ་དང་། ཞིང་ཨུའི་སྐོར་ཞིབ་དང་ཆབ་སྲིད་སྣོད་བཅུད་གནས་ཡུལ་དུ་བརྟག་དཔྱད་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་དམ་འཛིན་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་དང་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་རྒྱུན་མཐུད་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་ཡོང་བར་རྨང་གཞི་ཡག་པོ་འདིང་དགོས་ཞེས་བསྟན་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཡོད་ཚད་ལས་ལྷག་པའི་ལས་འགན་ཞིག་ཏུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ། “སྔོན་འགོག་”རང་འགུལ་དམག་འཐབ་དང་“ཐག་གཅོད་”གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱ་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་། རིག་གནས་ཀྱི་མི་གསོ་སྐྱོང་། གཟུགས་བརྙན་འགྲེམས་སྟོན། ཁྲིམས་ལུགས་ཁྱབ་གདལ་དང་ཤེས་རིག་གསོ་སྐྱོང་། དྲ་རྒྱ་བཅོས་སྐྱོང་བཅས་གཙོ་གནད་དུ་བྱས་པའི་“སེམས་གཤེར་”ལས་གྲྭ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གཙོ་གནད་དུ་བྱས་པའི་“རྨང་གཞི་བརྟན་དུ་གཏོང་བའི”ལས་གྲྭ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་སེམས་གཅིག་སྒྲིལ་དང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་དོན་སྔར་བས་ཏན་ཏིག་ཡོང་བ་བྱ་དགོས་ཞེས་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་“འབྲེལ་བ་གལ་ཆེན་ཆ་ལྔའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་བརྟན་པོ་བྱས་ཏེ། ཀྲུང་དབྱང་གི་མང་བསྡུས་འཕར་ཚད་སྲིད་ཇུས་རབ་དང་རིམ་པ་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། སྲིད་ཇུས་ཀྱི་ཁེ་ཕན་བདེ་ཆེན་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས། “ཕྱི་ཕྱོགས་ནང་འདྲེན་”དང“ནང་ཁུལ་གསོ་སྐྱོང་”གྱི་བྱེད་ཐབས་ཆེན་པོ་གཉིས་གསར་གཏོད་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཆེད་དུ་དམིགས་བསལ་དང་སྤུས་ལེགས་བྱེད་དགོས། གནོད་མེད་ནུས་རྒྱུ་ལེགས་སུ་གཏོང་བ། གནོད་མེད་གཏེར་ལས་གསར་པ་བསྒྲུབ་པ། གླིང་ཁུལ་གྱི་དཔལ་འབྱོར་དང་འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལེགས་གྲུབ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཞིང་པའི་ཡོང་འབབ་འཕར་སྣོན་དང་དམངས་འཚོ་ལེགས་བཅོས་སྐོར་གྱི་ལས་དོན་གཉིས་མུ་མཐུད་དུ་ཡག་པོ་བྱ་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བར་དམ་འཛིན་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་ཕུན་སུམ་ཚོགས་པའི་ཁེ་ཕན་ཐོབ་པའི་ཚོར་བ་ལྡན་དུ་འཇུག་དགོས། བདེ་འཇགས་དང་སྣོད་བཅུད་ཀྱི་མ་མཐའ་གཉིས་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་བཅོས་སྐྱོང་གཏིང་ཟབ་དང་ཞིབ་ཕྲ་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་རྒྱ་སྐྱེད་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཧུར་ཐག་དང་བརྟན་པོའི་ངང་ལུང་ཕན་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་དང་འཇོལ་རྫོང་གི་ས་གཤིས་གནོད་འཚེ་འགོག་བཅོས་དང་ཉེན་གཡོལ་གནས་སྤོ་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ཚོགས་འདུའི་ཐོག་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་འགག་རྩ་གཉིས་དམ་འཛིན་ཏན་ཏིག་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་“ཆབ་སྲིད་ཀྱི་ཆ་རྐྱེན་ཨང་དང་པོའི”་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱས་རྗེས་ཡོད་ལ་གོ་གནས་ཡོད་པ། ཡར་ཐོན་ཡང་ཕབ་ཐུབ་པའི་མི་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་དོན་འཁྱོལ་བྱས་ཏེ། ལས་བྱེད་པས་གང་བྱུང་དུ་བྱ་སྤྱོད་སྤེལ་བ་དང་། སྒྲུབ་མེད། བྱེད་མི་ཕོད་པ། བྱེད་མི་བཟང་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་དགོས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྣོད་བཅུད་ཕྱོགས་ཡོངས་ནས་ཉམས་གསོ་དང་གཙང་འགྱུར་བྱེད་པའི་གཙོ་གནད་གཉིས་དམ་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་ཆེན་ཨུ་ལྷན་གྱིས་སྐོར་ཞིབ་དང་ཆབ་སྲིད་སྣོད་བཅུད་གནས་ཡུལ་དུ་བརྟག་ཞིབ་བྱས་ནས་ཚུར་ལན་གནད་དོན་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་གིས་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་གསར་བརྗེ་དང་། ཕན་ནུས་གསར་བརྗེ། དྭངས་གཙང་བདེ་ཆེན་འཛུགས་སྐྱོང་བཅས་ཀྱི་“ཆེད་དོན་གཉིས་”ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕྲེད་ཕྱོགས་མཉམ་འགུལ་དང་ས་ཁོངས་ཡོངས་གྱི“དྭངས་གཙང་བྱ་སྤྱོད”གཏིང་ཟབ་ཏུ་གཏོང་བ། “རང་འགུལ་བསམ་བློ་གཏོང་བ། ”“ཏན་ཏིག་བྱེད་པ། ” “ཕན་འབྲས་ལ་ལྟ་བ། ”ལས་དོན་དམ་འཛིན་གྱི་“ཁག་གསུམ་”བེད་སྤྱོད་ཡག་པོ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བྱ་རྒྱུར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་བཤད་གནང་།
ཚོགས་འདུའི་ཐོག་ཀྲུང་གོ་རྣམ་པའི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་འབྲི་དགོས་ན། ངེས་པར་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ཀྱིས་བླ་སྲོག་བསྐྲུན་ཏེ། ཐོག་མཐའ་བར་གསུམ་དུ་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་པ། ངེས་པར་དུ་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ལ་སྐུལ་མ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་ནས་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ངེས་པར་དུ་དམིགས་འབེན་གྱིས་སྣེ་ཁྲིད་བྱེད་པ་དང་། བྱ་བ་སྒྲུབ་པ་གཙོ་བོར་འཛིན་པ། འགག་སྒྲོལ་དང་དཀའ་ངལ་ཁྱད་བསད་བྱེད་ཕོད་པ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་འབད་བརྩོན་གྱིས་ལེགས་འགྲུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་“མཇུག་བསྒྲིལ་པའི་དམག་འཐབ་”ཡག་པོ་རྒྱག་དགོས། ངེས་པར་དུ་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་དང་། གཙང་དག་སྤྱོད་གཙང་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་ཆོས་གཙང་མ་དང་གཞུང་དྲང་ལས་སྒྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། གནོད་འགོག་གེགས་སེལ། དམངས་འཚོ་གལ་ཆེའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་རོགས་སྐྱོར། འཚམས་འདྲིར་གནང་བ་སོགས་ཀྱི་ལས་དོན་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བདེ་འཇགས་དང་ཞི་བདེ་ངང་དུས་ཆེན་སྐྱིད་པོ་ཡོང་བའི་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཁུལ་ཡོངས་གོང་འོག་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གནང་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞིང་ཆེན་ཨུ་ལྷན་གྱི་འགོ་ཁྲིད་ནུས་ལྡན་འོག་ཡིད་ཆེས་བརྟན་པོ་དང་བློ་བརྟན་འགྱུར་མེད། ཡར་རྒྱས་བརྩོན་ལེན་བྱས་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབྲི་དགོས་པའི་འབོད་སྐུལ་གནང་བ་རེད།