ཡུལ་མི་ཚོའི་ངོ་གདོང་ལས་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ཡིད་ཆེས་མངོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-15   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་རྗེས་ཀྱི་ཉིན་འགའི་རིང་ལ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ལྡན་ངང་གཏོང་བཞིན་པ་དང་། ས་ཡོམ་ཁུལ་གྱི་མང་ཚོགས་ཚོས་ཐོན་སྐྱེད་དང་འཚོ་བའི་སྒྲིག་གཞི་རྒྱུན་གཏན་དུ་སོང་ཡོད། ཉིན་དེར་གསར་འགོད་པ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཞང་པད་སྟོད་གྲོང་ཚོའི་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་འབྱོར། ཉི་དྲོད་འོག་ཏུ་མང་ཚོགས་རྣམས་བཀོད་སྒྲིག་གུར་ཁང་གི་མདུན་དུ་བསྡད་ནས་བལ་གསེད་པ་དང་ཕྲུག་འཐག་བཞིན་འདུག པད་སྟོད་གྲོང་ཚོའི་གནོད་ཐེབས་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ནང་དུ་མང་ཆེ་བར་རྒན་རྒོན་དང་བྱིས་པ་ཡིན་ཞིང་། ས་ཡོམ་རྗེས་སུ་སྤོ་སྒྱུར་དང་བཀོད་སྒྲིག་བྱས་པ་བརྒྱུད། གནོད་འཚེ་ཐེབས་པའི་ཡུལ་མིའི་འཚོ་བ་རྒྱུན་གཏན་དུ་སོང་ཞིང་སེམས་ལ་ཡིད་ཆེས་ཀྱིས་ཁེངས་ནས་འཚོ་བ་བསྐྱར་སྐྲུན་བྱ་རྒྱུ་མདུན་དུ་བསུས།

པད་སྟོད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཐེབས་པའི་ཡུལ་མིས་བལ་གསེད་བཞིན་པ།

པད་སྟོད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཐེབས་པའི་ཡུལ་མིས་བལ་གསེད་བཞིན་པ།


པད་སྟོད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཐེབས་པའི་ཡུལ་མིས་བལ་གསེད་བཞིན་པ།

པད་སྟོད་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཐེབས་པའི་ཡུལ་མིས་ཉི་མ་སྲོ་བཞིན་པ།