བདེ་ཆེན་གྱི་ཁྲོམ་ལམ་དུ་ལོ་གསར་གྱི་སྣང་བས་ཁེངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པས། ཁྱིམ་ཚང་ཚང་མས་ལོ་གསར་གྱི་ཚོང་ཟོག་ཉོ་བ་དང་གྱོན་ཆས་གསར་པ་ཉོ་བ། ཤིང་ཏོག་སྔོ་ཚལ་ཉོ་བ། རྟེན་འབྲེལ་ཤིས་ཚིག་ཉོ་བཅས་བྱེད་འགོ་བརྩམས་པས། ཁྲོམ་གཞུང་དང་སྲང་ལམ་དུ་ལོ་གསར་གྱི་སྣང་བས་ཁེངས་ཡོད།

    དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ཡིག་གཟུགས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་དང་། གྲོང་ཁྱེར་པར་ལེན་མཁས་ཅན་མཐུན་ཚོགས། གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ་དང་། རྒྱལ་ཐང་སྡེ་ཁུལ་གྱི་ས་གནས་ས་ཐོག་ཏུ་དཔྱིད་གསར་དུས་ཆེན་གྱི་ཆ་སྦྱོར་ཉོ་བ་དང་། ཁྱིམ་ཚང་ཡོངས་ཀྱི་མཉམ་པར་བརྒྱབ་ནས་ལོ་གསར་གྱི་མཛེས་སྡུག་ལྡན་པའི་སྨོན་འདུན་ཕུལ་བ་རེད།

    དཔྱིད་གསར་དུས་ཆེན་ལ་ཉེ་བའི་སྐབས་སུ་འཇོལ་རྫོང་གི་ཧུང་དབྱིན་བག་ལེབ་གསར་དུ་ཐོན་པའི་བག་ལེབ་ཉོ་སྒྲུབ་བྱེད་པར་ཡོང་བའི་སྐུ་མགྲོན་གྱིས་འཕྲོག་ཚར་བས་མཁོ་སྤྲོད་ཀྱིས་དགོས་མཁོ་སྐོང་གི་མེད། པར་རིས་ནི་བག་ལེབ་ཚོང་ཁང་གི་ལས་མིས་སྐུ་མགྲོན་ལ་བག་ལེབ་ཐུམ་སྒྲིལ་བྱེད་བཞིན་ཡོད།

    དཔྱིད་གསར་དུས་ཆེན་གྱི་སྔོན་དུ། འབའ་ལུང་རྫོང་ཁྲོམ་གཞུང་གི་དུས་ཆེན་གྱི་རྣམ་པ་རིམ་བཞིན་ཇེ་བཟང་དུ་ཕྱིན་པ་དང་ཁྱིམ་ཚང་ཚང་མས་བདེ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་རོལ་ཆེད་གྲ་སྒྲིག་བྱེད་བཞིན་ཡོད།