རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-24   རྩོམ་ཁུངས།    རྔ་སྒྲ།
2025ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་ཞིང་། དེ་ཡང་ལོ་གསར་རིང་གི་ཟོག་འགྲེམས་དང་མྱུར་སྐྱེལ་སྐྱེལ་འདྲེན་གྱི་གནད་དོན་ཐད་དུ། ཧྲུན་ཧྥུང་དང་ཅིན་ཏུང་སོགས་ཟོག་འགྲེམས་ཀུང་སིས་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་མིན་པ་གསལ་པོར་བསྟན་ཡོད།
ཧྲུན་ཧྥུང་ཀུང་སིས་བརྗོད་དོན། ད་ལོའི་དཔྱིད་གསར་གྱི་རིང་མུ་མཐུད་དུ་ཞབས་འདེགས་ཞུ་རྒྱུ་དང་། གུང་གསེང་རིང་མྱུར་སྐྱེལ་གཏོང་ལེན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་རྒྱུ་ཡིན། དུས་ཆེན་གྱི་རིང་ཐོན་ཁུངས་བཀོད་སྒྲིག་ལ་ཚོད་འཛིན་ཐེབས་པ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དབང་གིས། སྤྱོད་མཁན་གྱི་མྱུར་སྐྱེལ་དངོས་ཟོག་གི་དུས་ནུས་ལ་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་སྲིད་པས། ཀུང་སིས་འབྲེལ་ཡོད་སྔོན་ཇུས་གཏན་འབེབས་བཟོས་ཤིང་། དུས་མཚུངས་སུ་ཧྲུན་ཧྥུང་གིས་མྱུར་སྐྱེལ་དངོས་ཟོག་དང་ཐོན་ཁུངས་སྟབས་བསྟུན་ངང་སྙོམ་སྒྲིག་བྱས་ཡོད། ཞབས་ཞུའི་གྲོན་དངུལ་ཁག་གཅིག་གི་ཚད་གཞི་ལེགས་སྒྲིག་བྱས་པ་གཤམ་གསལ་ལྟར།
2025ལོའི་ཟླ་དང་པོའི་ཚེས་1ཉིན་ནས་2025ལོའི་ཟླ་དང་པོའི་ཚེས་27ཉིན་བར། ཧྲུན་ཧྥེང་གཱ་ཧེང་དང་། སྤྱི་རྒྱ་20(སྤྱི་རྒྱ2་0ཚུད་པ)ལས་ཆེ་བའི་ཧྲུན་ཧྥེང་ཚད་ལྡན་མྱུར་སྐྱེལ། གནམ་གྲུར་བླུགས་པའི་དངོས་རྫས་ཆེ་རིགས། སྤྱི་རྒྱ་20(སྤྱི་རྒྱ་20ཚུད་པ)ལས་ཆེ་བའི་ཐོན་རྫས་ལ་སྤྱི་རྒྱ་རེར་ཐོན་ཁུངས་སྙོམས་སྒྲིག་གྲོན་དངུལ་སྒོར0.1ནས1.2བར་བསྡུ་རྒྱུ།
2025ལོའི་ཟླ་དང་པོའི་ཚེས་28ཉིན་ནས་2025ལོའི་ཟླ་2ཚེས་4ཉིན་བར་གྱི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། ཧྲུན་ཧྥུང་ཀུང་སིས་བསྐུར་སྐྱེལ་ཞབས་ཞུའི་ཐད་ཐོན་ཁུངས་སྙོམས་སྒྲིག་གི་གྲོན་དངུལ་སྣོན་བསྡུ་བྱ་རྒྱུ་རེད།
ཟླ་རེར་གྲོན་དངུལ་རྩིས་རྒྱག་མཁན་གྱི་ཚོང་ཤག་ཁག་གཅིག་ལ་ཐོན་ཁུངས་སྙོམས་སྒྲིག་གྲོན་དངུལ་གཟིགས་སྐྱོང་ངམ་ཡང་ན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། དམིགས་བསལ་གྱི་ཧྲུན་ཧྥུང་ཚོགས་མིར་ཐོན་ཁུངས་སྙོམས་སྒྲིག་གི་གྲོན་དངུལ་མི་དགོས།
ཅིན་ཏུང་ཟོག་འགྲེམས་ཀྱིས་བསྟུད་མར་ལོ་13གྱི་རིང་ལ། “དཔྱིད་གསར་དུས་སུ་ཡང་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ”ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་དང་དེ་བཞིན་གོ་ལ་ཧྲིལ་པོའི་ས་ཆ་མང་པོ་ཞིག་གི་འཛད་སྤྱོད་པས་ལོ་གསར་ཚེས་གཅིག་གི་ཉིན་ཡང་རྒྱུན་གཏན་ལྟར་དངོས་ཟོག་མངགས་ལེན་བྱེད་ཐུབ། ལོ་གསར་མཁོ་ཆས་ཉོ་མང་བའི་དུས་ལ་ཁ་གཏད་གཅོག་ཆེད། ཅིན་ཏུང་ཟོག་འགྲེམས་ཀྱིས་སྔོན་ཙམ་གྱིས་བཀོད་འདོམས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་སྐྱེལ་འདྲེན་ནུས་པའི་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་པ་མ་ཟད། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་ལ་བརྟེན་ནས་གཞི་གཅིག་ཅན་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་ཟོག་འགྲེམས་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད།
གཞན་ཡང་ཀྲུང་ཐུང་མྱུར་སྐྱེལ་གྱིས། ད་ལོ་མུ་མཐུད་དུ“དཔྱིད་གསར་རིང་ལས་མཚམས་མི་འཇོག་པའི”བྱེད་སྒོ་སྤེལ་ནས་དུས་ཆེན་རིང་མྱུར་སྐྱེལ་ཟོག་འགྲེམས་རྒྱུན་གཏན་ལྟར་ལས་གཉེར་བྱ་རྒྱུ་རེད།
ཏེ་པང་མྱུར་སྐྱེལ་གྱིས་འཛད་སྤྱོད་པའི“ལོ་གསར་མཁོ་ཆས་དུས་ཆེན”དང“དཔྱིད་གསར”རིང་གི་བསྐུར་སྐྱེལ་ཞབས་ཞུའི་དགོས་མཁོར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཞབས་ཞུའི་གྲོན་དངུལ་སྟབས་བསྟུན་ལེགས་སྒྲིག་བྱ་རྒྱུ་རེད།
ཧྲེན་ཐུང་མྱུར་སྐྱེལ་གྱིས་ཀྱང་དཔྱིད་གསར་རིང་བསྐུར་སྐྱེལ་ཞབས་ཞུ་མཚམས་འཇོག་རྒྱུ་མིན་ཞིང་། ལོ་གོང་མ་དང་བསྡུར་ན་ཧྲེན་ཐུང་མྱུར་སྐྱེལ་གྱིས་ད་དུང་དཔྱིད་གསར་རིང་མཐའ་མཚམས་ས་ཁུལ་ལ་གཅིག་སྡུད་སྐྱེལ་འདྲེན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པའི་ནང་། ཝུའུ་ལུའུ་མུའུ་ཆི་དང་ལྷ་ས་སོགས་གྲོང་ཁྱེར་23གྱི་ལྟེ་བའི་ས་ཁོངས་ཚུད་ཡོད། གོང་གསལ་གྱི་མྱུར་སྐྱེལ་ཁེ་ལས་ཕུད། མིག་སྔར་ཡུན་ཏ་མྱུར་སྐྱེལ་དང་ཡོན་ཐུང་མྱུར་སྐྱེལ་གྱིས་དཔྱིད་གསར་རིང་གི་གཉེར་སྐྱོང་གནས་ཚུལ་གནས་སྐབས་ཁྱབ་བསྒྲགས་བྱས་མེད་མོད། འོན་ཀྱང་ན་ནིང་ནས་ཀུང་སི་ཁ་ཤས་ཀྱིས་དཔྱིད་གསར་རིང་བསྐུར་སྐྱེལ་ཞབས་ཞུ་མུ་མཐུད་གཉེར་ཡོད།