ཁུལ་ཨུའི་སྤྱི་ཚོགས་ལས་ཀའི་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-24   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་23ཉིན། ཁུལ་ཨུའི་སྤྱི་ཚོགས་ལས་ཀའི་གྲོས་ཚོགས་འཚོགས་པ། གྲོས་ཚོགས་ཐོག་སྤྱི་ཚོགས་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་དང་མཛུབ་སྟོན་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས་ཁུལ་ཡོངས་སྤྱི་ཚོགས་ལས་ཀ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་འབད་བརྩོན་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་།

    གྲོས་ཚོགས་ཐོག་སྤྱི་ཚོགས་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་སྤྱི་ཚོགས་ལས་ཀའི་གྲོས་ཚོགས། གསར་སྤེལ་ཁྱབ་ཁོངས་ཏང་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུ། ཞིང་ཨུའི་སྤྱི་ཚོགས་ལས་ཀའི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཁུལ་འགྲིམ་འགྲུལ་ལས་རིགས་ཏང་ཨུ་སོགས་ལས་ཁུངས་6གི་འགན་འཁུར་བས་སྤེལ་རེས་གསུང་བཤད་བྱས།
    ལུའོ་ཁྲའོ་ཧྥེང་གིས་དུས་རབས་གསར་པའི་སྤྱི་ཚོགས་ལས་ཀའི་ལས་འགན་ཡང་དག་པས་ངོས་འཛིན་བྱས་པ་དང་སྤྱི་ཚོགས་ལས་ཀའི་སྤྱི་ཚོགས་བརྟན་སྲུང་དང་འཆམ་མཐུན་བརྟན་བརླིང་ཐད་ཀྱི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་བྱས།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་བསྒྱུས་བཅོས་གསར་གཏོད་ཀྱི་སྙིང་སྟོབས་སྒོ་ནས་སྤྱི་ཚོགས་བདག་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་དགོས་ཞེས་བསྟན།

    ལུའོ་ཁྲའོ་ཧྥེང་གིས་སྤྱི་ཚོགས་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་ཤུགས་ཆེ་རུ་གཏོང་དགོས། གསར་སྤེལ་ཁྱབ་ཁོངས་ཏང་གི་འཛུགས་སྐྲུན་སྤྱི་ཚོགས་ལས་ཀའི་གནས་ས་གཙོ་བོ་བཞག་དགོས། ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བདག་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གིས་སྤྱི་ཚོགས་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་གནང་།

   ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་འགོ་ཁྲིད་ཁྲིན་ཆོན། ཞུང་ཝུན་པིང་། ཡུས་ཡུང་ཧུང་། པའོ་ཡུས་ཏུང་། དབྱང་ཅི་ཝུན་སོགས་གྲོས་ཚོགས་སུ་ཞུགས།  རྫོང་(གྲོང་ཁྱེར་)གསུམ་དུ་ཡན་ལག་ཚོགས་ར་འཛུགས་པ།