རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-25   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་24ཉིན། སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་118འཚོགས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གལ་ཆེའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་གཙོ་བོ། ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱིས་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱེད་དགོས་པ་དང་།2024་ལོའི་ལོ་འཁོར་གྱི་རྫོང་(གྲོང་ཁྱེར་)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་ལས་དོན་(ཏང་)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་ཚུལ་གསལ་ཞུ་དང་དཔྱད་མོལ་དཔྱད་ཞིབ་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།
ཀྲང་ཝེ་ཏུང་།ཕེང་ཧྲན།ལི་ཡན་ལན། མིའོ་ཡིའུ་ཧྥ་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ཐོག་དུས་རབས་གསར་པའི་ཏང་གི་གཅིག་འགྱུར་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གཙོ་བོ་སློབ་སྦྱོང་ལག་བསྟར་བྱས་ནས་རིམ་ཁག་ཏང་ཨུ་(ཏང་ཙུའུ)ཡི་འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་ལས་འགན་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་རྩིས་བཤེར་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཆན་བཀོད་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱས་ནས་རྩིས་བཤེར་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། དམིགས་ཚད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཚིགས་དང་པོར་སྒོ་ཡག་པོ་ཕྱེ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ཐོག་《ཡུན་ནན་ཞིང་ཆེན་གྱི་བྱ་སྤྱོད་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་ལས་ཁུངས་ཕན་ནུས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཆོད་དོན་འགའ》དོན་འཁྱོལ་ལག་བསྟར་བྱས་ནས་རང་འགུལ་གྱི་མང་ཚོགས་དང་གཞི་རིམ། ཁེ་ལས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ཐོག་ཞིང་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱི་དོན་འཁྱོལ་ལག་བསྟར་བྱས་ནས་འདུ་ཤེས་རྣམ་པའི་གཡུག་ས་བརྟན་པོར་སྲུང་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་ཁུལ་ཡོངས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྲུན་འགོ་ཁྲིད་དུ་གྱུར་ནས་ཁུལ་ཡོངས་གཞི་རིམ་ཏང་གི་འཛུགས་སྐྲུན་མུ་མཐུད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ཐོག་སྤྱི་ཚོགས་བརྟན་བརླིང་། བདེ་འཇགས་ཐོན་སྐྱེད་སོགས་ལས་ཀ་ཁག་ནན་པོ་སྒྲུབ་ནས་ཡུལ་སྐོར་ཁྲོམ་རའི་གོ་རིམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་།
དབྱང་ཙི་ཅང་། ཀྲུའུ་ཧུང་། ལི་དབྱང་། ཁྲིན་ཆོན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཧྥུན་པིང་ཆང་། ཞུང་ཝུན་པིང་གྲོས་ཚོགས་སུ་ཞུགས།