རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཉེ་སྔོན།ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་2024-2025ལོ་འཁོར་གྱི་རྒྱལ་ཡོངས་དགུན་སྒྲོལ་ཁྲུང་ཁྲུང་རིགས་ལ་དུས་གཅིག་ཏུ་བརྟག་དཔྱད་བྱས།
ད་ཐེངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ནགས་ཕག་མཚོ་ལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་562་ཟིན་པ་དེ་ནི་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཚུན་གྱི་ཟིན་ཐོ་མཐོ་ཤོས་ཡིན་པ་རེད།2022ལོའི་དགུན་དུས་ཀྱི་ལོ་རྒྱུས་མཐོ་ཤོས་510དང་བསྡུར་ན་52མང་དུ་ཕྱིན་པ། 2004ལོར་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་འཛུགས་པའི་290དང་བསྡུར་ན་272མང་དུ་ཕྱིན་པ། 1984ལོར་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པའི་ལོའི་61དང་བསྡུར་ན་501མང་དུ་ཕྱིན་པ།
ཉེ་བའི་ལོ་འགའི་རིང་།ནགས་ཕག་མཚོའི་འདམ་ར་སྲུང་སྐྱོང་དང་འབབ་རྒྱུད་བདག་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་པ།ནགས་ཕག་མཚོ་དང་འབབ་རྒྱུད་ཀྱི་སྤྱི་ཁོག་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་དང་རྩ་ཆེའི་དགུན་སྒྲོལ་དུས་བྱ་གཞན་ལ་སྤུས་ལེགས་ཀྱི་གནས་ཡུལ་འདོན་པ་དང་ནགས་ཕག་མཚོའི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དང་བྱ་རིགས་གཞན་པའི་སྣ་རིགས་དང་གྲངས་འབོར་བརྟན་པོའི་ངང་མང་དུ་ཕྱིན་ཡོད་པ་རེད།