རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-26   རྩོམ་ཁུངས།    中央广播电视总台藏语
དཔྱིད་གསར་རིང་ཁྱིམ་དུ་ལོག་སྐབས་མི་མང་པོས་ལོ་ཟོག་དང་ལག་རྟགས་སྣ་ཚོགས་འཁྱེར་སྲིད། མེ་འཁོར་ལ་བསྡད་ནས་བསྐྱོད་སྐབས་དོ་སྣང་བྱེད་དགོས་པ་ཞིག་ནི་ཅ་དངོས་ལ་ལ་མེ་འཁོར་ནང་འཁྱེར་མི་ཆོགདཔྱིད་གསར་གྱི་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་ནས་བཟུང་། ས་གནས་ཁག་གི་མེ་འཁོར་འབབ་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་མི་སྣས་མེ་འཁོར་ནང་སྡོད་སྐབས་ཀྱི་གཏན་འབེབས་དང་མི་འཚམ་པའི་ཅ་དངོས་ཁ་ཤས་ཞིབ་བཤེར་ཐུབ་ཡོད། འོ་ན། རྒྱུན་མཐོང་གི་ལོ་ཟོག་གང་དག་མེ་འཁོར་ནང་འཁྱེར་མི་ཆོག་གམ། ཅ་དངོས་གང་དག་མེ་འཁོར་ནང་འཁྱེར་རྒྱུར་ཚད་བཀག་ཐེབས་སམ་ཞེ་ན།
དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས་ཧྲེན་ཀྲེན་འབབ་ཚུགས་བྱང་མར་ཁྱིམ་དུ་ལོག་མཁན་གྱི་འགྲུལ་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཉིན་རེར་མི་ཁྲི་20ལས་བརྒལ་བ་གནས་དེ་ནས་ལམ་ལ་ཆས་བཞིན་ཡོད།
རྒྱལ་ཁབ་ལྕགས་ལམ་ཀོང་ཀྲུའུ་ཅུས་ཧྲེན་ཀྲེན་འབབ་ཚུགས་བྱང་མའི་བདེ་འཇགས་ཞིབ་བཤེར་ལས་རེས་མི་སྣ་ཀའོ་ཅིང་གིས།རྒྱུན་མཐོང་གི་ལོ་ཟོག་ཁྲོད་མི་ཉུང་བ་ཞིག་ནི་ཁྱིམ་བདག་གིས་བྱིས་པར་ཉོས་པའི་རྩེད་ཆས་རལ་གྲི་ཡིན། དེའི་རྒྱུ་ཆ་སྤོས་འགྱིག་ཡིན་པ་དང་། གྲི་རྩེ་རྣོ་པོ་མེད་ལ་ཕར་རྒོལ་རང་བཞིན་དང་གནོད་འཚེའི་རང་བཞིན་ཡང་མེད་པས། མེ་འཁོར་ནང་འཁྱེར་ཆོག འོན་ཀྱང་བྱིས་པར་ཉོས་པའི་རྩེད་ཆས་མེ་མདའ་ལྟ་བུར་མཚོན་ན། གལ་ཏེ་འདྲ་བཟོ་བྱས་པ་ཡིན་ཞིང་མདེའུ་འཕེན་ཐུབ་ན། མེ་འཁོར་ནང་འཁྱེར་མི་ཆོག་པ་མ་ཟད་མངགས་སྐྱེལ་ཡང་བྱེད་མི་ཆོག་ཅེས་བརྗོད།
ཧྲེན་ཀྲེན་འབབ་ཚུགས་བྱང་མའི་བདེ་འཇགས་ཞིབ་བཤེར་མི་སྣ་ཧྲེན་ཅའེ་ཧྭ་ཡིས།སྲོག་ཆགས་གསོན་པོ་མྱུར་བགྲོད་མེ་འཁོར་ནང་འཁྱེར་མི་ཆོག་ཅེས་བརྗོད།
ཧྲེན་ཀྲེན་འབབ་ཚུགས་བྱང་མའི་བདེ་འཇགས་ཞིབ་བཤེར་མི་སྣ་ཀུའུ་ཀྲི་ཧྥེང་གིས།རུས་སྦལ་ལྟ་བུ་འཁྱེར་མི་ཆོག་ཅིང་། གཟེབ་ཡོད་པའང་འཁྱེར་མི་ཆོག་ཅེས་བརྗོད།
དེ་མིན་ད་དུང་མཚོ་ངོགས་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཁ་ཤས་སུ་མཚོ་ཟས་སོས་པ་འཁྱེར་ནས་ཁྱིམ་དུ་ལོག་མཁན་རྒྱུན་དུ་མཐོང་རྒྱུ་ཡོད།ཟས་སུ་སྤྱོད་རྒྱུའི་ཕྱི་ཐུམ་ཤོག་སྒམ་ཡག་པོ་རྒྱག་པའི་ཉ་དང་མཚོ་འབུ་ཤ་སྨི། སྡིག་སྲིན། འགྲོན་བུ། གཟུགས་པོ་མཉེན་པའི་རིགས་ཀྱི་ཆུ་ཐོན་སྲོག་ཆགས་མེ་འཁོར་ནང་འཁྱེར་ཆོག
རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནན་ཉིང་འབབ་ཚུགས་ཤར་མའི་འགྲུལ་སྐྱེལ་ལས་རེས་པ་ཝེ་ཧའེ་ཏན་གྱིས།ཀོང་ཞི་ནི་ཤིང་འབྲས་ལིའུ་ལེན་ཐོན་ཁུལ་གཙོ་བོའི་གྲས་ཡིན། ནན་ཉིང་འབབ་ཚུགས་ཤར་མ་ནི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་ཞིང་། འགྲུལ་བ་མི་ཉུང་བ་ཞིག་གིས་ལིའུ་ལེན་ལོ་ཟོག་ཏུ་རྩིས་ནས་ཁྱིམ་དུ་འཁྱེར་འགྲོ་བཞིན་ཡོད།འོན་ཏེ་ལིའུ་ལེན་ལ་དྲི་མ་ཁྱད་པར་ཅན་ཞིག་ཡོད་པས། མེ་འཁོར་སྒུག་གནས་དང་མེ་འཁོར་ནང་བཟའ་མི་ཆོག ཕྱི་ཐུམ་དམ་པོར་སྦྱར་ཡོད་ཅིང་མེ་འཁོར་ནང་དུ་ཁ་མ་ཕྱེ་ཚེ་འཁྱེར་ཆོག་ཅེས་བརྗོད།
ས་གནས་ཁག་གི་མེ་འཁོར་འབབ་ཚུགས་སུ་ཐ་མག་དང་ཆང་རག ཇ་ལོ་སོགས་ནི་རྒྱུན་མཐོང་གི་ལོ་ཟོག་ཡིན།
ཆང་རག་རིགས་ཀྱི་བཏུང་བྱ་འཁྱེར་སྐབས། ཕྱི་ཐུམ་དམ་པོར་རྒྱག་དགོས་ཤིང་མཚོན་རྟགས་གསལ་པོ་ཡིན་དགོས་ལ། ད་དུང་ཆང་བཅུད་བོངས་ཚད་ཀྱི་བརྒྱ་ཆའི་འདུས་ཚད་24%—70%བར་ཡིན་དགོས་པ་དང་། མི་རེས་བསྡོམས་པས་ཧའོ་ཧྲེན་3000ལས་ལྷག་པ་འཁྱེར་མི་ཆོག
ཐ་མག་ནི་མི་རེས་མང་ཤོས་ལ་བག་ཆ་50ལས་འཁྱེར་མི་ཆོག
རྒྱལ་ཁབ་ལྕགས་ལམ་ཀོང་ཀྲུའུ་ཅུས་ཀོང་ཀྲུའུ་འབབ་ཚུགས་ནུབ་མའི་བདེ་འཇགས་ཞིབ་བཤེར་ལས་རེས་པ་ཧུའུ་ཏེ་ཡིས།ཆ་རྐྱེན་དང་འཚམ་པའི་ཤེལ་དམ་ནང་བླུགས་པའི་ཆང་རག་མེ་འཁོར་ནང་འཁྱེར་ཆོག་མོད། འོན་ཀྱང་རང་གིས་བསྙལ་བའི་ཆང་རག་དང་སྨན་ཆང་གི་རིགས་སོགས་སིལ་ལྡུག་ཆང་རག་རང་གིས་སྣོད་ནང་བླུགས་པ་ཚང་མ་མེ་འཁོར་ནང་འཁྱེར་མི་ཆོག་ཅེས་བརྗོད་ཡོད།
ཧྲེན་ཀྲེན་འབབ་ཚུགས་བྱང་མ་དང་ནན་ཁྲང་འབབ་ཚུགས། ཆོན་ཀྲུའུ་འབབ་ཚུགས་སོགས་སུ་ཚད་བཀག་ཅ་དངོས་ཕྱིར་ལེན་བྱེད་གནས་བཙུགས་ཤིང་། རིན་པ་སྤྲོད་མི་དགོས་པར་གནས་སྐབས་མངགས་བཅོལ་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་པས།མེ་འཁོར་ནང་འཁྱེར་མི་ཆོག་མོད་མངགས་བཅོལ་བྱེད་པའི་ཆ་རྐྱེན་དང་འཚམ་པའི་ཅ་དངོས་དེ་དག་འབབ་ཚུགས་ཕྱི་རུ་ཡོད་པའི་གཉེན་གྲོགས་ལ་ཕྱིར་འཁྱེར་དུ་འཇུག་པའམ་བསྐུར་སྐྱེལ་བྱེད་ཆོག འོན་ཏེ་འབབ་ཚུགས་སོ་སོའི་རིན་མེད་ཀྱི་གནས་སྐབས་མངགས་བཅོལ་དུས་ཚོད་མི་གཅིག་པས། འགྲུལ་པས་ལམ་ལ་མ་ཆས་གོང་ས་ཡུལ་དངོས་སམ་ཁ་པར་ཐོག་ནས་བློ་འདྲི་བྱེད་དགོས།