རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-26   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོ་ཚེས་25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྨན་བཅོས་ལས་དོན་པ།འགྲིམ་འགྲུལ་ཉེན་རྟོག་པ།ཁོར་ཡུག་སྲུང་སྐྱོང་བཟོ་པ།ཕྱི་འཚོང་པ་བཅས་དཔྱིད་གསར་དུས་ཆེན་སྐབས་ལས་གནས་སྲུང་བའི་ལས་ཡུལ་དངོས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་བ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་བྱས་ནས་ཁོ་ཚོས་གྲོང་ཁྱེར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་སྲུང་ལ་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་དཔྱིད་གསར་དུས་ཆེན་གྱི་བརྟེན་འབྲེལ་ཞུས་པ་རེད།
ཁུལ་བོད་སྨན་ཁང་དུ་ལུའོ་ཁྲའོ་ཧྥེང་གིས་ཚང་མས་འདས་ཟིན་པའི་ལོ་གཅིག་ནང་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཐད་བྱེད་པའི་འབད་བརྩོན་ལ་གདེང་འཇོག་གང་ལེགས་གནང་།ལོ་གསར་པར་རྒྱ་ཆེའི་སྨན་དོན་ལས་བྱེད་པས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་དཔྱིད་གསར་དུས་ཆེན་སྐབས་ལས་རེས་དོན་འཁྱོལ་བྱེད་ནས་ནད་པའི་སྨན་བཅོས་དགོས་མཁོ་འགན་སྲུང་བྱེད་དགོས་ཞེས་བཏོན།
ཁུལ་ནགས་ཚལ་མེ་གསོད་རུ་ཆེན་དུ་ལུའོ་ཁྲའོ་ཧྥེང་གིས་མེ་གསོད་བཀོད་འཐབ་པར་འཚམས་འདྲི་གནང་ཞིང་ལས་རེས་གྲ་སྒྲིག་དང་ནགས་ཚལ་མེ་ཟོན་དངོས་ཟོག་གྲབས་གསོག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཁོང་གིས་མིག་སྔར་ཁུལ་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ཡིན་པས། ཁུལ་ནགས་ཚལ་མེ་གསོད་རུ་ཆེན་གྱིས་ལས་འགན་ནན་པོར་འཁུར་བ། མཁོ་བསྟུན་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་ནས་ནགས་ཚལ་མེ་འགོག་གི་ལས་ཀ་ཁག་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན།
སེམས་ཀྱི་ཉི་ཟླ་གྲོང་ཁྱེད་སྤྱི་བདེ་ཅུས་ཐད་གཏོགས་གྲོང་ཁྱེར་འགྲིམ་འགྲུལ་རུ་ཆེན་དུ་ལུའོ་ཁྲའོ་ཧྥེང་གིས་དཔྱིད་གསར་དུས་ཆེན་སྐབས་ཀྱི་ཉེན་རྟོག་པ་བཀོད་སྒྲིག མཁོ་བསྟུན་འགན་སྲུང་སོགས་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ཞིབ་ཕྲའི་འདྲི་བ། རྒྱ་ཆེའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་ཡུལ་དངོས་སུ་བརྟན་སྲུང་དང་ཤར་བགྲོད་འགན་ལེན། བདེ་འཇགས་འགན་སྲུང་བཅས་སུ་སྒྲུབ་པའི་ལས་དོན་ལ་ཐུགས་རྗེ་ཆེ་ཞུས། ཚང་མས་དཔྱིད་གསར་དུས་ཆེན་སྐབས་ལས་རེས་ནན་པོ་བྱེད་པ། འགྲོ་ལམ་ལ་སྐོར་ཞིབ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་ཁྲིམས་འགུལ་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱེད།གྲོང་མི་དང་ཡུལ་སྐོར་བར་དེ་བས་བདེ་འཇགས།ཤེས་དཔལ། འཆམ་མཐུན་བཅས་ལྡན་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་དགོས་ཞེས་བཏོན།
ཁོར་ཡུག་སྲུང་སྐྱོང་བཟོ་པ།ཕྱི་འཚོང་པར་འཚམས་འདྲི་གནང་སྐབས་ལུའོ་ཁྲའོ་ཧྥེང་གིས་ཁོར་ཡུག་སྲུང་སྐྱོང་བཟོ་པ།ཕྱི་འཚོང་པས་གྲོང་ཁྱེར་འཁོར་སྐྱོད་ཐད་མེད་དུ་མི་རུང་བའི་ནུས་པ་འདོན་སྤེལ་བྱས་ཡོད། ཚང་མས་ལས་གཅེས་ལས་བཀུར།དཀའ་སྤྱད་སྡུག་རུས་ཀྱི་དགོངས་དོན་འདོན་སྤེལ་བྱེད་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རོགས་སྐྱོར་སྤྲོད་པའི་རེ་བ་བཏོན།
ཁུལ་འགོ་ཁྲིད་དབྱང་ཙི་ཅང་། ཁྲིན་ཆོན། ཡུས་ཀུའེ་ཧྥུན་འཚམས་འདྲིར་ཞུགས།