ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པ་རྒན་པ་དང་དཀའ་ངལ་ལས་བྱེད་པ། གནད་ཆེའི་གཟིགས་སྐྱོང་བྱ་ཡུལ། ཆེད་ལས་མཁས་པར་འཚམས་འདྲི་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-26   རྩོམ་ཁུངས།   


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་1པོའི་ཚེས་23ཉིན་ནས་ཚེས་25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པ་རྒན་པ་དང་དཀའ་ངལ་ལས་བྱེད་པ། གནད་ཆེའི་གཟིགས་སྐྱོང་བྱ་ཡུལ། ཆེད་ལས་མཁས་པར་འཚམས་འདྲི་གནང་ནས་ཁོ་ཚོ་ལ་ཏང་དང་སྲིད་གཞུང་གི་དོ་ཁུར་སྐྱེལ་བ་དང་ལོ་གསར་གྱི་རྟེན་འབྲེལ་ཞུ།

    ཁུལ་མི་དམངས་སྲིད་གཞུང་གི་སྔོན་གྱི་ཁུལ་དཔོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྔོན་གྱི་ཀྲུའུ་རེན་བསོད་ནམས་རྒྱལ་མཚན་གྱི་ཁྱིམ་དུ་ལུའོ་ཁྲའོ་ཧྥེང་གིས་ཁོང་གི་ལུས་པོ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་།འགོ་ཁྲིད་རྒན་པས་དུས་ཡུན་རིང་པོར་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནང་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་ཁོང་གི་བདེ་ཆེན་ལས་ཀའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ཉན་པ། ལུའོ་ཁྲའོ་ཧྥེང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་པས་སྔོན་ལྟར་ཁུལ་ཡོངས་ལས་ཀར་རོགས་སྐྱོར་བྱས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ནུས་དང་སྟོབས་ཤུགས་གནང་བའི་རེ་བ་བཏོན། རིམ་ཁག་སྡེ་ཚན་ཁག་གིས་ལས་འཁྱོལ་ངལ་གསོ་བའི་ཞབས་འདེགས་འགན་སྲུང་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་བསྟན།

    དཀའ་ངལ་ཡོད་པའི་ལས་བྱེད་པར་འཚམས་འདྲི་གནང་སྐབས།ལུའོ་ཁྲའོ་ཧྥེང་གིས་ཁོང་ཁྱིམ་ཚང་གི་ཡོང་སྒོར་དང་འཚོ་བའི་གནས་ཚུལ། བྱིས་པའི་སློབ་གསོ་སོགས་གནས་ཚུལ་འདྲི་ཞིང་ཁོ་ལ་ཡིད་ཆེས་བརྟན་པོ་ལ་བརྟེན་ནས་མིག་མདུན་གྱི་དཀའ་ངལ་ཁྱད་བསད་ནས་འཚོ་བ་ཇེ་ལེགས་སུ་གཏོང་བའི་སྐུལ་མ་གཏོང་།འབྲེལ་ཡོད་སྡེ་ཚན་གྱིས་རོགས་སྐྱོར་སྲིད་ཇུས་ཁག་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་།

    ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་གནད་ཆེའི་རོགས་སྐྱོང་བྱ་ཡུལ་གཡང་སྒྲོན་གྱི་   ཁྱིམ་དུ་ལུའོ་ཁྲའོ་ཧྥེང་གིས་རྒན་པ་དང་སྤེལ་རེས་གནང་ནས་འཚོ་བའི་གནས་ཚུལ་འདྲི་བ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་གྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་ཡག་པོ་དར་སྤེལ་གཏོང་དགོས་པའི་ནན་བཤད་གནང་།

    དེའི་སྐབས་ལུའོ་ཁྲའོ་ཧྥེང་གིས་གཅིག་སྡུད་ཐོག་ཧོ་ཅི་ཧྥུན་དང་ལུང་ཀྲི་ཡུས་ཆེད་ལས་མཁས་པ་གཉིས་ལ་འཚམས་འདྲི་གནང་།སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དང་བདེ་ཆེན་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ བདེ་ཆེན་ཁུལ་སྨན་ཁང་ཀྲུང་ལུགས་ཚན་ཁག་བཅས་ཀྱི་ལས་ཀའི་གནས་ཚུལ་དང་དཀའ་ངལ་གནད་དོན་ཞིབ་ཕྲ་ཉན་པ། ཁོ་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་རང་ཁུལ་གྱི་སྨན་བཅོས་དང་སློབ་གསོ་ལས་རིགས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་བཏོན། འབྲེལ་ཡོད་སྡེ་ཚན་གྱིས་མུ་མཐུད་དུ་ཤེས་ལྡན་མི་སྣར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་འཛུགས་ནས་ཆེད་ལས་མཁས་པ་ལ་ལས་བརྩོན་ལས་གཏོད་ཀྱི་ལས་སྟེབས་འདོན་དགོས་པའི་བླང་བྱ་བཏོན།

ཁུལ་འགོ་ཁྲིད་ཁྲིན་ཆོན་འཚམས་འདྲིར་ཞུགས།