རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-26   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་25ཉིན། ཁུལ་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་དུས་ཚིགས་དང་པོའི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་སེམས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་ལྕི་པོ་འཁུར་ནས་དུས་ཚིགས་དང་པོའི་ལས་ཀ་འགོ་ཡག་པོ་ཚུགས་པར་སྐུལ་འདེད་གཏོང་ཞིང་། ལོ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་རྨང་གཞི་བརྟན་པོ་འདིང་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞིན་པའི་”འཆར་འགོད་མཇུག་བསྡུའི་ལོ་ཡིན་པ་དང་དུས་ལྟར་འཆར་འགོད་དམིགས་འབེན་ལེགས་སྒྲུབ་བྱུང་བའི་དོན་སྙིང་དང་ལས་འགན་གལ་ཆེ་ཞིང་། རིམ་ཁག་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། སྤྱི་ཁོག་འདུ་ཤེས་ཤུགས་ཆེ་གཏོང་བ། བསམ་བློ་དང་ངོས་འཛིན་ཀྲུང་དབྱང་། ཞིང་ཆེན། ཁུལ་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་ལས་ཀ་འགོ་ཡག་པོ་ཚུགས་པའི་བླང་བྱར་གཅིག་འགྱུར་ནན་པོ་བྱེད་ནས་མུ་མཐུད་དུ་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀ་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་འབྲེལ་ཡོད་སྲིད་ཇུས་ཀྱི་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལས་ཀ་དམ་འཛིན་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་དམ་འཛིན་བྱེད་དགོས། རྣམ་གྲངས་བྱེད་ཚད་མགྱོགས་སུ་གཏོང་དགོས། འཚོང་སྤྱོད་ཤུགས་ཆེར་སྐུལ་འདེད་གཏོང་དགོས།མཁོ་བསྟུན་གློ་བུར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་གྱི་འཁོར་སྤྱོད་དབྱེ་ཞིབ་འཁོར་སྐྱོད།བཀོད་གཏོང་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་འགན་བརྟན་པོར་འཁུར་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན། རྫོང་གསུམ་(གྲོང་ཁྱེར)སྲིད་གཞུང་གི་འགན་འཁུར་བ་སོ་སོས་དཔལ་འབྱོར་ལས་ཀའི་གནས་ཚུལ་སྙན་སེང་ཞུས།
ཁུལ་འགོ་ཁྲིད་དབྱང་ཞུའེ་ཝུན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཀྲོང་ཞའོ་ཕིང་ཚོགས་འདུར་ཞུགས།