དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་ར་འཁྲུག་ཆ་དོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བ་དང་བསྟུན། བདེ་ཆེན་གྱི་ག་ས་གང་དུ་འདུ་འཛིས་ཁེངས། ལྷག་པར་དུ་ལོ་སར་གྱི་མཁོ་ཆས་ཁྲོམ་ར་དང་རང་འདེམས་ཚོང་ར་སོགས་སུ་ཡུལ་མི་རྣམས་ཀྱིས་ཆ་ཡིག་དང་ཞོར་ཟས། འཐུང་ཆུ་སོགས་ཟས་རིགས་དང་སྐོམ་ཆུ་སྣ་མང་ཉོ་བཞིན་ཡོད་པ་མ་ཟད། གནམ་གང་ཐོན་ལ་ཉེ་བའི་དུས་འདིར་ཞང་དབྱང་ཚོང་ར་སོགས་སུ་སྔོ་ཚལ་དང་ཤ་རིགས་སྣ་ཚོགས་ཉོས་ནས་ལོ་སར་བ་བསུ་བར་གྲ་སྒྲིག་བྱེད་བཞིན་ཡོད།