ཁྱིམ་གྱི་སྒོ་ཁ་ནས་ཀྱང་ཡུལ་སྐོར་གྱི་ཟ་མ་རེག་ཐུབ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཡུལ་སྐོར་གྱི་ཚ་རླབས་འཕྱུར། བོད་ཆས་ཀྱི་བྲིན་ཁ་རྒྱུག

    ལོ་སར་ཚེས་གཅིག་ཉིན།སེམས་ཀྱི་ཉི་ཟླའི་སྲང་ལམ་གྱི་ག་ས་གང་དུ་ལོ་སར་གྱི་རྣམ་པས་ཁེངས་འདུག ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་བྱེད་པའི་དུས་ཆེན་ཁྲོད།    ཀྲོའུ་མིང་ཚང་གི་སྔར་ལས་དར་ཞིང་རྒྱས་པའི་འཚོ་བ་དང་ཚེ་རིང་བཀྲ་ཤིས་ཚང་གི་སྡོད་ཁང་གསར་པར་གནས་སྤོས་པའི་སྤྲོ་སྣང་ནི་དཔྱིད་གསར་དུས་ཆེན་ཁྲོད་ཆེས་མཛེས་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་འདུག

    སྔ་དྲོའི་ཆུ་ཚོད་8ཐོག  རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཀྲོའི་མིང་ཚང་ཐབ་ཚང་དུ་བྲེལ་བ་ཆེན་པོ་བྱེད་བཞིན་ཡོད།     མེ་ཐབ་སྟེང་དུ་དཀྲུགས་ཇ་དང་འོ་མ་ཚ་བཞིན་ཡོད་པ་དང་།   ཨན་བརྡར་སྟེང་ཤ་མོག་བཞག་ཡོད།    ཉི་གཡབ་སྟེང་དུ་རང་གིས་བཟོས་པའི་ཤ་རྒྱུ་དང་ཚགས་ཤ་བཀལ་ཡོད།   

    ཀྲོའུ་མིང་གིས་དེ་རིང་ནི་ལོ་སར་ཚེས་གཅིག་ཡིན་པས།    བྱིས་པ་རྣམས་ཁྱིམ་དུ་ལོ་སར་སྐྱེལ་འོང་། གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བཤད་ཞོར་བྲེལ་བ་ཆེན་པོས་ཤིང་འབྲས་སྐམ་པོ་དང་ཀ་ར་སིལ་ཏོག་ཅོག་ཙེའི་སྟེང་སྒྲིག་པ་རེད།ཀྲོའུ་མིང་གིས་གནམ་གང་གི་དགོང་ཟས་ང་ཚོ་ཁྱིམ་མི་དགུ་བོས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་རོལ་བ་ཡིན་ཞེས་བཤད་བྱུང་།གནམ་གང་དགོང་ཟས་ཀྱི་རྒྱབ་ཏུ་ཀྲོའུ་མིང་ཁྱིམ་ཚང་གི་འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ཡོད་པ་སྟེ།    ཁོང་ཚང་གི་ཁྱིམ་གྱི་མགྲོན་ཁང་དུ་ཡུལ་སྐོར་བ་ཚོས་བོད་གོས་གྱོན་ནས་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དང་ནགས་ཕག་མཚོ་རུ་པར་བླངས་པའི་འདྲ་པར་གྱིས་ཁེངས་ཡོད།    2024ལོའི་ལོ་འགོར་ཁྱིམ་མི་གང་བོས་རང་ཉིད་ཀྱིས་ལོ་མང་རིང་གཉེར་སྐྱོང་བྱས་པའི་མགྲོན་ཁང་འགན་གཙང་ལེན་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་བོད་གོས་བོགས་མར་གཏོང་རྒྱུའི་ཚོང་གཉེར་བྱས་ཤིང་།    བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་བོད་གོས་གྱོན་ནས་ཡུལ་སྐོར་པར་ལེན་བྱ་རྒྱུ་དེ་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླར་སླེབས་ནས་ངེས་པར་དུ་སྒྲུབ་དགོས་པའི་གདམ་ག་དང་པོ་ཞིག་ཏུ་གྱུར་ནས་ཀྲོའུ་མིང་ཁྱིམ་གྱི་ཚོང་ཁང་གི་ཚོང་ལས་ཧ་ཅང་བཟང་བ་རེད།  ཀྲོའུ་མིང་གི་བཟའ་ཟླས་ན་ནིང་རྒྱལ་སྟོན་གུང་གསེང་རིང་ཚོང་ཁང་ནང་གི་བོད་གོས་ཚང་མ་གླ་ཚར་བ་དང་།    ཐ་ན་ཁྱིམ་གྱི་བོད་གོས་རྙིང་པ་ཚང་མ་ཡུལ་སྐོར་བས་གཡར་ནས་པར་བརྒྱབ་པ་རེད་ཅེས་བཤད་ཞོར་ལག་ཐོགས་ཁ་པར་གྱི་པར་དེབ་ཕྱེ་ནས་ཚོང་ཁང་ནང་གསར་དུ་ཉོས་པའི་བོད་གོས་འགྲེམས་སྟོན་བྱས།    ཇུས་འགོད་གསར་བའི་བོད་གོས་གསར་པ་དེ་དག་གཞོན་ནུ་མགྲོན་ཚོའི་ཡིད་དབང་འགུག་པའི“གསང་བའི་མཚོན་ཆའི”གྲས་སུ་གྱུར་ཡོད།

འབྲི་གཡག་གསོ་བ་ནས་ཕྱོགས་བརྒྱད་ཀྱི་སྐུ་མགྲོན་བསུ་བར་བྲེལ་བ།

    ཁང་གསར་སྤོ་བའི་བཀྲ་ཤིས་ཆ་ཡིག་སྦྱར་བའི་རྒྱ་སྒོ་ཕྱེ་རྗེས།    རྣམ་པ་གསར་རྐྱང་གི་སྒོ་རའི་ནང་ཐལ་མདོག་གི་སོ་ཕག་གིས་ཁེངས་ཤིང་།    གྱང་ངོས་ཀྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཤིང་བརྐོས་རི་མོ་དང་ཇ་ཅོག་སྟེང་གི་ཟངས་དེམ་མིག་གི་ཡིད་དབང་རྣམ་པར་འཕྲོག རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཚེ་རིང་བཀྲ་ཤིས་ཚང་གིས་ཁང་གསར་དུ་སྤོས་པའི་ལོ་དང་པོ་ལོ་སར་ཡིན་པ་རེད།

    མགྲོན་ཁང་ལོ་སྔོན་ལ་མཛེས་བཟོ་བྱས་ཚར་པ་དང་།    ཐོག་ཁང་གི་མགྲོན་ཁང་དུ་ད་དུང་ཤིང་གི་པང་གཅལ་སྒྲིག་སྦྱོར་བྱེད་བཞིན་ཡོད་པས།    ཟླ་ལྔ་པའི་ཡུལ་སྐོར་གྱི་དུས་ཚིགས་གོང་དུ་ལས་འགོ་འཛུགས་ཐུབ་ངེས་ཡིན།    ཚེ་རིང་བཀྲ་ཤིས་ཀྱིས་ཉིས་ཐོག་གི་ཨར་ལས་བྱེད་བཞིན་པའི་མགྲོན་ཁང་སྟོན་བྱས་ནས་ངོ་སྤྲོད་བྱས།    ན་ནིང་བུ་དང་མནའ་མ་གཉིས་ཀྱིས་པར་ཆས་ཉོས་ནས་རང་སྦྱོང་བྱས་ཏེ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པར་ལེན་དུ་སོང་ནས་ཡོང་འབབ་ཡག་པོ་ཡོད།     ད་ལྟ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས།    ངས་རང་ཁྱིམ་གྱི་ཁང་བ་བསྒྱུར་བཀོད་ཅིག་བྱས་ནས་མགྲོན་ཁང་ཕྱེ་ནས་ཡུལ་སྐོར་བ་རྣམས་ཀྱིས་མེ་ཐབ་རིག་གནས་ཉམས་ལེན་བྱེད་ཐུབ་ལ་དེང་རབས་ཀྱི་སྒྲིག་བཀོད་ལོངས་སུ་སྤྱོད་ཐུབ་པར་བསམ་བློ་གཏོང་བཞིན་ཡོད།    སྔོན་ཆད་སྒོ་ར་འདི་ནས་འབྲི་གཡག་གསོ་བཞིན་ཡོད།    ད་ལྟ་ཕྱོགས་བརྒྱད་ཀྱི་སྐུ་མགྲོན་བསུ་དགོས།    དུས་རབས་དངོས་གནས་འགྱུར་ལྡོག་བྱུང་སོང་ཞེས་བཤད་བྱུང་།

    ཐབ་ཀའི་སྟེང་དུ་ཚགས་ཤ་བཙོས་ཡོད་ལ་དྲི་ཞིམ་ཕྱོགས་བཞིར་འཐུལ།  རླངས་པ་སྨུག་པའི་ཁྲོད།    ཚེ་རིང་བཀྲ་ཤིས་ཀྱི་ལག་འཁྱེར་ཁ་པར་དུ་དྲན་སྐུལ་སྒྲ་གྲགས་བྱུང་།    ཁོང་གིས་བརྙན་ཐུང་སྟེགས་བུའི་ཐོག་བསྐུར་བའི་མཛེས་བཟོ་ཉིན་ཐོ་ལ་ཐང་ཀའི་ལྡེབས་རིས་འགྲམ་དུ་ཉལ་འདོད།   སྔོན་བཀོད་གནང་རོགས་ཞེས་པའི་དཔྱད་གཏམ་འབྱོར་ཡོད།

    ལོ་སར་བའི་ནང་དུ།བདེ་ཆེན་གྱི་བུ་ཕྲུག་གྱིས“ལོ་གསར་རོལ་པའི”དགའ་སྤྲོ་དེ་“ཉིན་རེ་བཞིན་གསར་པའི”འཚོ་བའི་རྣམ་པ་ཞིག་ཏུ་འགྱུར་བཞིན་ཡོད།