རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ནང་མི་ལྷན་འཛོམས་དང་དགའ་སྤྲོའི་དགོད་སྒྲས་ཁེབས་པའི་དཔྱིད་གསར་དུས་ཆེན་རིང་།བདེ་ཆེན་གྱི་གཞོན་ནུ་འགའ་ཡིས་ལས་གནས་བརྟན་སྲུང་བྱས་ནས་འགན་འཁྲི་ནན་པོ་འཁུར་བ།
གཞི་རིམ་དུ་འཇོན་ཐང་མཐོ་རུ་གཏོང་བའི་ལྷ་མཚོ།
2025ལོའི་དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་མི་དམངས་སྲིད་གཞུང་གི་ལས་བྱེད་པ་ལྷ་མཚོ་ལས་གནས་སུ་ཡོད་པ།དཔྱིད་གསར་དུས་ཆེན་རིང་གཞི་རིམ་གྱི་མེ་འགོག་དང་བདེ་འཇགས། དྲིལ་བསྒྲགས་སོགས་ལས་ཀའི་ལས་འགན་ལྗིད་རྫོབ་ཆེ་ཞིང་། ལས་གྲོགས་དང་ལས་རེས་བྱས་ནས་དེ་བས་མང་བའི་ལས་ཀའི་ཉམས་མྱོང་གསོག་ཐུབ་ཅེས་ལྷ་མཚོས་བཤད།
ལྷ་མཚོས་གཙོ་བོ་ནི་གཞི་རིམ་གྱི་ཏང་འཛུགས་སྐྲུན་གྱི་ལས་ཀ་སྒྲུབ་པ་དང་།གཞི་རིམ་ལས་ཀ་བྱེད་འགོ་བརྩམས་མ་ཐག་དཀའ་ངལ་བྱུང་ཡང་། འགོ་ཁྲིད་དང་ལས་གྲོགས་ཀྱིས་རོགས་སྐྱོར་དང་རང་གིས་འབད་བརྩོན་བྱས་ནས་ལས་ཀ་བྱེད་ནུས་མཐོ་རུ་གཏོང་བ། ལོ་གསར་པར་ཏན་ཏན་ཏིག་ཏིག་དང་བརྩོན་འགྲུས་ཆེན་པོར་བརྟེན་པ།རང་གི་བསམ་གཞི་དང་ལས་ཀ་བྱེད་སྟངས་བསྒྱུར་ནས་དུས་རབས་གསར་པ་དང་མཐུན་པའི་ལས་བྱེད་པ་ཞིག་ཏུ་གྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།
བྱ་སྤྱོད་ལ་བརྟེན་ནས་ལས་འགན་གསལ་བཤད་བྱེད་པའི་རིན་ཆེན།
2025ལོའི་དཔྱིད་གསར་དུས་ཆེན་རིང་འཇོལ་རྫོང་ཧྥུན་ཧྲན་ཤང་ཏང་འཛུགས་སྐྲུན་གྱི་ལས་བྱེད་པ་རིན་ཆེན་ལས་གནས་སུ་ཡོད།2024ལོར་ལས་གནས་སུ་ཞུགས་པའི་ཚུན་དུ་མོས་གཞི་རིམ་ཏང་འཛུགས་སྐྲུན་ལས་ཀ་གསར་གཏོད་དང་མཐོ་རུ་གཏོང་ཤུགས་ཆེར་བཏང་ནས་བྱ་སྤྱོད་དངོས་པོར་བརྟེན་ནས་ལས་འགན་སྒྲུབ་པ། གཞི་རིམ་གྱི་ལས་ཀར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པ། ལས་ཀའི་ཁྲོད་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྲོ་སྣང་རོལ་ཐུབ་པ། དཔྱིད་གསར་དུས་ཆེན་རིང་ལས་གནས་སྲུང་བའི་ལས་འགན་ཆེ་བ་དང་སྟོབས་ཤུགས་གང་ཡོད་ཀྱིས་རྒྱ་ཆེའི་མང་ཚོགས་བདེ་སྐྱིད་དུས་ཆེན་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་རིན་ཆེན་གྱིས་བཤད།