རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་མིང་བྱང་ལ་བརྟེན་ནས་ཡུལ་སྐོར་བ་མི་ཉུང་ཞིག་གིས་དགའ་བསུ་ཐོབ་པ།དཔྱིད་གསར་དུས་ཆེན་རིང་སྐུ་ཉིད་ལ་བདེ་ཆེན་དུ་ཕེབས་པར་དགའ་བསུ་ཞུ།
བདེ་ཆེན་གྱི་མཛེས་ལྗོངས་ནི་ཉི་མ་ཤར་བར་འགོ་ཚུགས་པ། ལོ་གསར་པར་ཁ་བ་དཀར་པོར་ཉི་མ་ཤར་བའི་མཛེས་ལྗོངས་ལྟ་བར་ཤོག
རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བ་དང་དྲོད་ཚད་དམའ་བས་པོ་ཏ་མཚོ་ལྗོངས་ཁུལ་ལ་གངས་ཀྱིས་ཁེབས་པའི་ལོ་གསར་ལ་ཁྱད་ལྡན་གྱི་ལེགས་སྐྱེས་འབུལ།
དུས་འདིའི་ནགས་ཕག་མཚོར་དུས་བྱ་མང་ཞིང་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད།
བདེ་ཆེན་གྱི་ཡུལ་ལྗོངས་མཛེས་པ་མ་ཟད།སྣ་མང་རིག་གནས་མཉམ་འབྲེལ་བྱས་ཡོད། བོད་རིགས།འཇང་རིགས།ལི་སུའུ་རིགས་སོགས་གྲངས་ཉུང་མི་རིགས་ཀྱིས་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་ཡོད་པ། དཔྱིད་གསར་དུས་ཆེན་བདེ་ཆེན་དུ་སླེབས་སྐབས་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་བྱེད་སྒོ་དང་གླུ་གར་འཁྲབ་སྟོན་ལ་རོལ་མྱོང་བྱེད་ཐུབ།