ལོ་ངོ་དུང་ཕྱུར་14གོང་གི་སྦྲུལ་རྡོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-01   རྩོམ་ཁུངས།    人民网藏文版

    

        ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཤིན་ལུང་རྫོང་ཝུའུ་ལིང་ཧྲན་གྲོང་རྡལ་ཧྥན་ཧྲུའེ་ཆོན་གྲོང་ཚོར་“སྦྲུལ་ཆེན”ཞིག་མངོན་པའི་རྡོ་ཡ་མཚན་ཅན་ཞིག་ཡོད་པ་དང་། སྦྲུལ་གྱི་མགོ་དང་མིག་སོགས་ལུས་ཡོངས་གསོན་ཉམས་ལྡན་པ་མངོན་འདུག  ཧོ་པེ་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ཀྱི་ས་གཤིས་རིགས་གཅིག་མཁས་ཅན་གྱིས་རྟོག་ཞིབ་བྱས་པར་གཞིགས་ན།“སྦྲུལ་རྡོ་”འདི་ལོ་དུང་ཕྱུར་14ཡི་སྔོན་ལ་རང་བྱུང་དུ་གྲུབ་པ་ཞིག་རེད། ཡུལ་དེ་གས་ཐོག་ཁ་མེད་པའི་ཁང་པ་ཞིག་བརྩིགས་ནས་རྡོ་འདི་སྲུང་སྐྱོབ་བྱས་ཡོད།