རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
2025ལོའི་དཔྱིད་གསར་དུས་ཆེན་རིང་
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཚོང་ར་འགོ་ཡག་པོ་ཚུགས་པ།
ཐོག་མར་བསྡོམས་རྩིས་བྱས་པ་ལྟར།
ཟླ་1པོའི་ཚེས་28ཉིན་ནས་ཟླ་2པའི་ཚེས་1ཉིན་བར་
བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་
མི་ཐེངས་ཁྲི་57.53སྣེ་ལེན་བྱས་ནས་
ཡུལ་སྐོར་གྱི་སྤྱིའི་ཡོང་སྒོར་
དུང་ཕྱུར་5.45མངོན་གྱུར་བྱུང་བ།
དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་གྱི་པོ་ཏ་མཚོ་དང་སྨན་རི། སྟག་མཆོང་གྲོག་རོང་སོགས་ལྗོངས་ཁུལ་ནི་ཡུལ་སྐོར་བའི་དགའ་བསུ་ཆེས་ཆེ་བའི་མཛེས་ལྗོངས་སུ་གྱུར།ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བས་ལིའུ་མིང་ཧྲེང་གིས་དགོན་པ་སྟེང་ལྗོངས་གཟིགས་སྟེབས་བུར་ཉི་ཤར་སྒུག་དུས་ཁ་བ་དཀར་པོའི་མཛེས་ལྗོངས་ཀྱིས་གྲང་ངར་བརྗེད་པ་ཞེས་བཤད།
སེམས་ཀྱི་ཉི་ཟླར་མི་རིགས་མང་བ་དང་ལོ་གསར་གྱི་རིག་གནས་ཕུན་སུམ་ཚོགས་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དེའི་ཁྱད་ལྡན་ཡུལ་སྲོལ་རོལ་ཐུབ།
རྡོ་མཁར་རྫོང་དང་སུམ་རྩེན་གླིང་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོང་ཞིང་གུང་གསེང་ཡུལ་སྐོར་ལོངས་སུ་སྤྱོད་པ་དང་བདེ་ཆེན་གྱི་དུས་ཆེན་རྣམ་པ་དང་ཁྱད་ལྡན་ཡུལ་སྲོལ་རིག་གནས་རོལ་མྱོང་བྱས་པ། ད་ལོའི་ལོ་གསར་དུ་བདེ་ཆེན་གྱི་མཛེས་ལྗོངས་ལ་ལྟ་སྐོར་བྱས་ནས་ལོ་གསར་སྐྱིད་པོ་ཞིག་རོལ་ཐུབ་བྱུང་། ད་ཕྱིར་གོ་སྐབས་ཡོད་དུས་ཡང་བསྐྱར་ཡུལ་སྐོར་དུ་ཡོང་རྒྱུ་ཞེས་ཆུས་ཅིན་ནས་ཡོང་བའི་ཝང་ཧྥེན་གྱིས་བཤད།