བདེ་ཆེན་གྱི་ས་གནས་ཁག་གིས་དཔྱིད་གསར་གྱི་རིག་གནས་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉིན་ཤས་བསྟུད་མར་བདེ་ཆེན་གྱི་ས་གནས་ཁག་ནས་ལྟད་མོ་ཆེ་བའི་དཔྱིད་གསར་གྱི་རིག་གནས་བྱེད་སྒོ་སྤེལ་བ། ལྷག་པར་གྲོང་གསེབ་ཏུ་རྣམ་པ་གསར་གཏོད་ཀྱི་རིག་གནས་བྱེད་སྒོ་མུ་མཐུད་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་རིག་གནས་བསམ་པ་ཕུན་སུམ་ཚོགས་པོ་དང་མི་རིགས་མཐུན་སྒྲིལ་ཆེན་པོའི་གར་སྟེགས་ཤིག་ཏུ་གྱུར་ཡོད། གར་སྟེགས་ཐོག་མང་ཚོགས་ཀྱིས་རང་རང་གིས་ནང་སྦྱོང་འཁྲབ་སྟོན་བྱེད་པའི་འཁྲབ་ཚན་རེ་རེས་གྲོང་གསེབ་ཀྱི་རྣམ་པ་ཟབ་མོས་ཁེབས་པ་མ་ཟད་དུས་རབས་གསར་པའི་བདེ་ཆེན་གསར་པའི་གྲོང་གསེབ་དར་སྤེལ་གྱི་རྣམ་པ་བསྟན།

        ཟླ་1པོའི་ཚེས་30ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཤིན་ལུང་གྲོང་སྡེའི་སྐབས་གཉིས་པའི་མངར་ཟས་རིག་གནས་རིག་རྩལ་དུས་ཆེན་ཤིན་ལུང་གྲོང་རྡལ་གསར་བརྗེ་རིག་གནས་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་གནས་གཞིར་སྤེལ་བ་དང་ཡུལ་མི་མང་ཙམ་སྤྲོ་སེམས་འཁོལ་བའི་ངང་ཞུགས་པ་དང་ཡུལ་དངོས་སུ་ལྟད་མོ་ཆེ་བ།


        ཟླ་1པོའི་ཚེས་31ཉིན། འཇོལ་རྫོང་ཡན་མེན་ཤང་ཚོ་དྲུག་གྲོང་སྡེའི་སྐབས་སུམ་ཅུ་པའི་ཚོ་དྲུག་རིག་རྩལ་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ལྟད་མོ་ཆེ་བ་དང་། ཕོ་མོ་རྒན་གཞོན་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་ལྷན་འཛོམས་ངང་གླུ་གར་འཁྲབ་ནས་དཔྱིད་གསར་དུས་ཆེན་རོལ།

        འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཀྲོང་ཙི་གྲོང་མི་ཚོ་ཆུང་གིས་རིག་གནས་བྱེད་སྒོའི་ཐོག་དངོས་མིན་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་དང་གྲོང་གསེབ་རིག་རྩལ་མི་སྣས་འཁྲབ་སྟོན་བྱས་ནས་ཡུལ་མི་རྣམ་གྱིས་ཡིག་དབང་བཀུག་པ།