པདྨ་རི་བོའི་ནགས་སྲུང་བ་ཚོའི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-03   རྩོམ་ཁུངས།    中央广播电视总台藏语广播

        ཡུན་ནན་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་གཙང་གསུམ་མཉམ་འཛོམས་བྱེད་སའི་འཛམ་གླིང་ཤུལ་བཞག་ཁུལ་ནང་གི་རང་བྱུང་སྲུང་སྐྱོབ་ཁུལ་ལྔའི་གྲས་ཤིག་རེད།

        ཉེ་བའི་ལོ་བཅུ་གྲངས་ནང་སྲུང་སྐྱོབ་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་དེ་ལག་ལེན་བསྟར་ནས། འབྱུང་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་དང་བྱེད་མུས་རེད། 

        ད་ཐེངས་དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད་པའི་དམིགས་བསལ་ཆེད་སྒྲིག་ལེ་ཚན་གྱི་གསར་འགོད་པ་བདེ་ཆེན་རྫོང་གི་པདྨ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བཅར་བ་ཡིན། འདི་གར་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད་པ་མ་ཟད། དེ་ཚོ་སྲུང་སྐྱོང་གནང་མཁན་རི་སྲུང་བ་ཡང་མང་པོ་ཞིག་འདུག

图片

        བློ་བཟང་ནི་བདེ་ཆེན་རྫོང་བྲག་ཞབས་ཤང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཞིག་ཡིན། ཁོང་གིས་ལྟ་སྐུལ་ཚོད་འཛིན་དང་བརྙན་ཤེལ་བརྒྱུད་ནས་པདྨ་རི་བོར་ལྟ་ཞིབ་བྱེད་པ་དང་། དེས་མི་ཚད་པར་ཁོང་ལ་ད་དུང་བྱ་བ་མང་པོ་ཞིག་སྒྲུབ་རྒྱུ་ཡོད། དཔེར་ན། རི་ཁྲོད་ནགས་གསེབ་ཏུ་བསྐྱོད་སའི་མེ་ཟོན་གེགས་འགོག་ཞིབ་བཤེར་ཡིན་ནའང་འདྲ། དེ་བཞིན་སྡེ་ཁུལ་གྱི་སྲུང་སྐྱོང་དང་འབྱུང་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་སོགས་སྒྲུབ་བཞིན་ཡོད་ལ། ཁོང་ནི་ལས་ཀ་དེ་དག་ཚང་མར་ག་བཏང་གོ་ཆོད་ཀྱི་ལས་མི་ཞིག་ཡིན།

        ནགས་སྲུང་བའི་དཔྱིད་གསར་དུས་ཆེན་གོང་གི་སྐུལ་སློང་ཚོགས་འདུའི་ཐོག ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་མི་སྣ་རྩྭ་རྩི་ཤིང་གཅན་གཟན་རི་དྭགས་འདབ་ཆགས་བྱ་བྱེའུ་འབའ་འབུར་འབུ་སྲིན་ཐམས་ཆད་ངོ་ཤེས་པ་མང་པོ་ཞིག་ངོ་ཤེས་བྱུང་ལ། ཁོང་ཚོས་རི་ཀླུང་འགྲིམ་པའི་གོམ་པ་རེ་རེས་རང་ཉིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་བཞིན་པ་དང་། ཁྲག་དྲོན་དང་རྔུལ་ཆུ་ཡིས་ཡིད་འོང་འབྱུང་ཁམས་ཀྱི་མཛེས་རིས་འབྲི་བཞེངས་བྱེད་པའི་བརྟན་སྲུང་དང་འབད་འཐབ་ཀྱི་སྙིང་སྟོབས་ཀྱང་མིག་མཐོང་ལག་ཟིན་བྱུང་། ང་ཚོས་ཁོང་རྣམ་པར་གུས་འདུད་ཞུ།