རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-04   རྩོམ་ཁུངས།    阳光西藏
དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་གྲབས་ཡོད་པས་ཚང་མས་དགུང་གསེང་གི་ཉིན་མཇུས་ཤོས་དེར་གཅེས་འཛིན་གནང་རྒྱུ་དང་། གཟའ་འཁོར་འདིའི་ཟླ་༢ཚེས་༨ཉིན་༼གཟའ་སྤེན་པ༽ལས་ཚོགས་ལ་འགྲོ་རེས་ཡིན་པས་དུས་ཚོད་བཀོད་སྒྲིག་ལུགས་མཐུན་གནང་རོགས།
ཚང་མས་རྣམ་པ་གསར་ཤོས་དང་ལེགས་ཤོས་ཀྱི་ཐོག་ནས་དུས་ཆེན་རྗེས་ཀྱི་སོ་སོའི་ལས་ཀ་དང་འཚོ་བ་གསར་པར་བསུ་བར་ཞུ་རྒྱུ་མ་ཟད། ལྷན་རྒྱས་ཚང་མ་བཀྲ་ཤིས་ཀུན་འཛོམས་ཡོང་བའི་སྨོན་འདུན་ཞུའོ།།