རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཀྱི་དྲ་བ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་བདེ་ཆེན་གྱིས་གངས་འཁྱགས་རིག་གནས་ཡུལ་སྐོར་ཐོན་རྫས་མུ་མཐུད་ལེགས་སུ་བཏང་ནས་གངས་འཁྱགས་ཡུལ་སྐོར་དང་གངས་འཁྱགས་ལུས་རྩལ་སོགས་གངས་འཁྱགས་དུས་ཚིགས་ཀྱི་བྱེད་སྒོ་སྔར་བས་ཚ་ཤུགས་རྒྱས་ཡོད།
“དཔྱིད་གསར་དུས་ཆེན་གྱི་སེམས་ཀྱི་ཉི་ཟླར་གངས་རྩེད་བྱེད་པར་འགྲོ་བ”དེ་ཡུལ་སྐོར་བ་དེ་བས་མང་བའི་གདམ་ག་ཞིག་ཏུ་གྱུར་ཡོད། དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླའི་སྐར་བདུན་གངས་གངས་ཤུད་ར་བ་དང་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་ཉམས་ལེན་གསར་གཏོད་དང་སྤུས་ལེགས་ཞབས་ཞུའི་ཐོག་ནས་ཕྱོགས་བརྒྱད་ཀྱི་ཡུལ་སྐོར་བ་མཉམ་དུ་གངས་འཁྱགས་ཀྱི་གསོལ་སྟོན་དུ་ཕེབས་རྒྱུའི་ཡིད་དབང་བཀུག་ནས་དཔྱིད་གསར་དུས་ཆེན་ལ་གངས་འཁྱགས་ཀྱི་གསོན་ཤུགས་བསྣན་ཡོད།
ཟླ་1པོའི་ཚེས་28ཉིན་ནས་ཟླ་2པའི་ཚེས་3ཉིན་བར་གངས་ཤུད་ར་བའི་ཡུལ་སྐོར་བ་བྱེད་ཚད་དུས་ཆེན་གོང་དང་བསྡུར་ན་80%འཕར་བ་དང་། རིམ་རྩིས་ཐོག་ཡུལ་སྐོར་བ་མི་ཐེངས་ཁྲི་1ལྷག་ཙམ་སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་ཁྲི་100ཙམ་ཟིན་ཡོད།
ཀོང་ཞི་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝང་ཞུང་ཉིང་ནང་མི་གང་བོ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ་བདེ་ཆེན་དུ་ཡུལ་སྐོར་བྱས་ནས་ལོ་གསར་བཞུགས་པ་དང་། དེའི་རིང་ཁྱིམ་ཚང་ཡོངས་ཀྱིས་སེམས་ཀྱི་ཉི་ཟླའི་སྐར་བདུན་གངས་གངས་ཤུད་ར་བར་འཛོམས་ནས་རྩེད་མོར་གཡེང་ཡོད་པ་དང་། ཁོང་གིས“འདི་ནི་ང་ལ་མཚོན་ན་ཐོག་མར་གངས་ནང་དུ་དཔྱིད་གསར་དུས་ཆེན་རོལ་བ་ཡིན་ལ་ཕྲུ་གུ་ཚོས་གངས་སྐོར་རྩེད་པ་དང་གངས་མི་བསྐྲུན་པ་སོགས་སེམས་ཁམས་ཧ་ཅང་དགའ་པོ་བྱུང་ཡོད། གནས་འདིའི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་ཞིང་། སེམས་ཀྱི་ཉི་ཟླ་ནས་གངས་ཤུད་རྩེས་པས་ཡུན་རིང་ལ་རེ་སྒུག་བྱས་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་ཤིན་ཏུ་དགའ་ཟེར།