རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་6ཉིན། ཁུལ་ཨུས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཁུལ་ཡོངས་ཀྱི་བརྟན་སྲུང་ལས་ཀ་ཞིབ་འཇུག་བཀོད་སྒྲིག་བྱས། གྲོས་ཚོགས་ཐོག་བག་གཡེང་བསམ་བློ་མཐའ་གཅིག་ཏུ་བསད་པདང་།སྐྱོན་ཆ་ཞིབ་བཤེར་གཏིང་ཟབ་བྱས། ཞན་ཆ་གསབ་པ། བརྟན་སྲུང་ལས་ཀ་དམ་འཛིན་བྱས་ནས་སྟོབས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་བ་དང་བརྟན་བརླིང་ལ་བརྟེན་ནས་འཕེལ་རྒྱས་ཁག་ཐེག་བྱས། འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཁག་སོ་སོས་བརྟན་སྲུང་ལས་ཀ་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ངོས་འཛིན་བྱས་ནས་མི་རིགས་ཆོས་ལུགས་ལས་ཀ་ཁག་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཡོངས་རྒྱུན་མཐུད་བརྟན་སྲུང་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཁག་སོ་སོས་མཐའ་ཚད་འཛིན་སེམས་བརྟན་པོར་འཛུགས་དགོས། ལས་འགན་ཁག་དམ་འཛིན་བྱས་ནས་བརྟན་སྲུང་ལས་ཀ་སྲུང་བའི་སྡོམ་ཤུགས་ཆགས་པ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཁོར་ཡུག་ལེགས་པོ་འཛུགས་དགོས། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བདག་སྐྱོང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་འགོ་ཁྲིད་ལིའོ་ཝུན་ཚའེ། ཁྲིན་ཆོན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཞུང་ཝུན་པིང་། ཞུས་ཀོང་ཏེ། མེང་གོ་པིང་། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།