རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་6ཉིན། ཁུལ་ཨུས་2025ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་ལས་ཀ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་བཟོ་འགོད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་བཟོ་འགོད་ལས་ཀ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་ཉན་པ། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གིས་དུས་ཚིགས་དང་པོའི་དཔལ་འབྱོར་ལས་ཀ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་བཟོ་འགོད་ཀྱི་གནས་ཚུལ་སྙན་སེང་ཞུས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་ཀའི་བྱ་ཐབས་ཞིབ་ཕྲ་བྱས་ནས་དམ་འཛིན་བྱེད་དགོས།རྣམ་གྲངས་དོན་འཁྱོལ་ལ་ཁག་ཐེག་བྱེད་དགོས། གལ་ཆེའི་ལས་ཀ་དམ་འཛིན་བྱས་ནས་འཕེལ་རྒྱས་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུ་སྲིད་གཞུང་གིས་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་བཟོ་འགོད་ལས་ཀ་དམ་འཛིན་བྱས་པ་དང་གོང་ལ་སྙན་སེང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་མང་བའི་རྣམ་གྲངས་ཀྲུང་དབྱང་དང་ཞིང་ཆེན་འཆར་གཞིར་འཇོག་པར་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བསམ་བློ་དང་སྟོབས་ཤུགསས་ལས་ཀར་གཅིག་སྡུད་བྱས་ནས་ལས་ཀའི་རང་འགུལ་རང་བཞིན་མཐོ་རུ་གཏོང་དགོས། བྱ་སྤྱོད་གསར་བརྗེ་དང་ཕན་ནུས་གསར་བརྗེ་གཏིང་ཟབ་ཏུ་བཏང་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་འགོ་ཁྲིད་དབྱང་ཙི་ཅང་། ཁྲིན་ཆོན། དབྱང་ཞུའེ་ཝུན། ཞུས་ཀོང་ཏེ། ལིན་ཧའོ། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།