ཚིག་ཉུང་ཞིང་དོན་བསྡུས་པ། གཏམ་དཔེ་འདི་དག་གོ་རྒྱུ་ལྷག་པར་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-07   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

1.སྐད་ཆ་ཉུང་རུང་མགོ་རྔ་ཚང་། ལུང་པ་ཆུང་རུང་རྩྭ་ཆུ་འཛོམས།


2.བསྐལ་པ་ཆགས་པའི་གངས་རྒན། དུས་རབས་བརྒྱུད་པའི་མི་རྒན།


3.སྐྱིད་ཀྱིས་སྡུག་ཉོས། མར་གྱིས་ཚིལ་ཉོས།


4.སྐྱུང་ཀས་སྐྱུང་ཀ་ཟེར་རེས་མ་བྱེད། མཆུ་ཏོ་དམར་པོ་འདྲ་འདྲ་རེད།


5.སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ལས་ལ་འགྲུབ་པའི་མཐའ་དགོས།
6.ཁྭ་ཏ་ནག་པོའི་ཚང་ནང་ན། སྐྱ་ཀ་ཁྲ་ཁྲ་སྐྱེས་མི་སྲིད།


7.མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། བླུན་པོ་འཇུག་པའི་ལམ་མི་འགྲོ།


8.ཁྲི་གདུགས་འོད་ཀྱིས་མ་དེད་ན། སྐྱ་རེངས་ཤར་བ་ག་ལ་སྲིད།


9.གོ་རྒྱུ་མེད་པའི་བཤད་རྒྱུ།  བཟའ་རྒྱུ་མེད་པའི་ལས་རྒྱུ།


10.མགོ་ཐོག་གི་བུམ་པ།  ལྕེ་ཐོག་གི་བདུད་རྩི།


11.གྱོད་མགོ་རི་ལས་ལྕི།  གྱོད་རྔ་ཆུ་ལས་རིང་།