རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར་སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་ཀྱི་མངགས་གཏོང་ཁང་638རིམ་པ་དང་པོའི་མངགས་གཏོང་ཁང་དུ་མིང་འདོགས་རྒྱུའི་ཐག་བཅད་པ་དང་། འཇོལ་རྫོང་སྤྱི་བདེ་ཅུས་ཀོང་རྩེད་ར་མངགས་གཏོང་ཁང་གཟི་བརྗིད་ལྡན་པའི་སྒོ་ནས་མིང་ཐོའི་ནང་ཚུད་ཡོད་པ་རེད།
དུས་ཡུན་རིང་པོའི་རིང་ལ། ཀོང་རྩེད་ར་མངགས་གཏོང་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་རུ་ཁག་སྣེ་ཁྲིད་དང་། ཏང་སྲོལ་ལ་བརྟེན་ནས་ཉེན་རྟོག་གི་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ། ཏང་གི་ལས་དོན་ལ་བརྟེན་ནས་ལས་སྒོའི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ཏེ། “རྨང་གཞི་བརྟན་པོ་དང་། དོན་རྐྱེན་ཉུང་བ། བདེ་འཇགས་ལེགས་པ། ཏང་དང་མི་དམངས་བློ་ཡིད་ཚིམ་པ། ”ཚད་གཞིར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། “ངས་མང་ཚོགས་ལ་དོན་དག་དངོས་བསྒྲུབས་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ལ་བརྟེན་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་ཆེན་གཏོང་བ་དང་། བདེ་འཇགས་སྔོན་འགོག་བཅོས་སྐྱོང་དང་། སྡེ་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོབ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་རྨང་གཞིའི་ལས་དོན་ནུས་ལྡན་ངང་སྤེལ་ཡོད། “གཉེན་ཉེའི་རྣམ་པ་དང་། ལྟ་སྲུང་རྣམ་པ། འགྲོགས་འདྲིས་རྣམ་པའི”ཉེན་རྟོག་ལས་དོན་བྱེད་སྟངས་འཚོལ་ཞིབ་ཕྱོགས་བསྡོམས་དང་ལག་ལེན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲང་ཕྱོགས་བརྒྱུད་སྤྲོད་བྱས་ནས་ཉེན་རྟོག་དང་དམངས་ཀྱི་ཉ་ཆུ་གནས་ཚུལ་འགྲེལ་བཤད་བྱས་ཡོད།
ལས་དོན་ཁག་གི་ཕན་འབྲས་མངོན་གསལ་དོད་པའི་དབང་གིས་ཀོང་རྩེད་ར་མངགས་གཏོང་ཁང་ལ་ཡུན་ནན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི“ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང་གི་མཚན་སྙན་ཐོབ་ཡོད་པ་མ་ཟད། ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པའི་གཟི་བརྗིད་ཐེངས་གཅིག་ཐོབ་ཡོད།