རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ།
གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་བསྟུན་ནས་བདེ་ཆེན་གྱི་གྲོང་གསེབ་ཏུ་བྱུང་བའི་ཕྱུག་འགྱུར་སྣེ་ཁྲིད་པས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་པ་དང་ཞིང་པའི་ཡོང་སྒོར་སྤར་བར་རོགས་སྐྱོར། ཐོན་རྫས་ཚང་ར་གསར་གཏོད་སོགས་ཀྱི་ཐད་གསོན་ཤུགས་གསར་པ་བསྣན་ཡོད།
ཡུས་ཝུན་ཀོང་གིས་ཀྲུང་ལུགས་སྨན་རྫས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱས།
ཡུས་ཝུན་ཀོང་ནི་ཆུ་འཛོམས་གྲོང་སྡེའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན། སྔོན་ཆད་ཁྱིམ་ཚང་ལ་དཀའ་ཁག་ཡོད་པས་ལོ་བཅུ་ལྷག་གི་སྐབས་སུ་སློབ་བྱོལ་བྱས་ནས་ཕྱི་ལ་ཞོར་ལས་ལས་སུ་སོང་། ཁོས་ཟ་མཁས་སྤྱོད་མཁས་བྱས་ནས་ཕ་ཡུལ་དུ་ལོག་ནས་ཞིང་ལས་ཐོན་རྫས་ཀྱི་ཉོ་འཚོང་རྒྱག་པ། 2015ལོར་ཡུས་ཝུན་ཀོང་གིས་འབའ་ལུང་ཝུ་ཨན་ཞིང་རྫས་ཚོང་ཟོག་ཚད་ཡོད་ཀུང་སི་བཙུགས་ནས་ཡུན་ནན་དྭ། ཡུན་ནན་ར་མཉེ་སོགས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་མྱུར་གསོ་བྱས་པ་དང་། ཐོན་ལས་ཅན་གྱི་འདེབས་འཛུགས་ཁྱབ་རྡལ། ཞིང་ལས་ཐོན་རྫས་ཉོ་སྒྲུབ།ལས་སྣོན།ཕྱིར་འཚོང་སོགས་ལས་དོན་སྒྲུབ་ཡོད།
ལོ་མང་རིང་ཡུས་ཝུན་ཀོང་གིས་འདེབས་འཛུགས་ཀྲུང་ལུགས་སྨན་རྫས་འབྲིང་རིམ་དང་རྩེར་སོན་གྱི་འཚོལ་ཞིབ་བྱེད་པར་བརྟེན་ནས་ཆུང་ཞིང་སྤུས་ལེགས་ཀྱི་འཕེལ་རྒྱས་ལམ་དུ་བསྐྱོད། རང་ཉིད་ཕྱུག་པོར་གྱུར་བ་དང་ཆབས་ཅིག་ཁོང་གིས་མང་ཚོགས་ལ་སྨན་རྩྭ་འདེབས་འཛུགས་དང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་དང་།“ཀུང་སི+རྟེན་གཞི+ཞིང་དུད”བཅས་ཀྱི་དཔེ་དབྱིབས་དང་མ་དངུལ་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བ་དང་ས་ཞིང་འཁོར་རྒྱུག་དང་མངགས་ཐོའི་ཞིང་ལས་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིང་པའི་ཞུགས་པའི་ཧུར་ཐག་རང་བཞིན་མཐོ་རུ་བཏང་ཡོད། 2024ལོར་ཀུང་སིའི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞིའི་གཞི་ཁྱོན་མུའུ་350ལས་བརྒལ་ནས་ཞིང་དུད་ཀྱི་ལས་མི་མི་ཐེངས་ཁྲི་1ལས་བརྒལ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་དུད་220ཡི་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་8000ལས་བརྒལ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད།
2025ལོར་ང་ཚོས་ཀུང་སིའི་ཀྲུང་ལུགས་སྨན་རྫས་ཐོན་ལས་དེ་བས་ལེགས་སུ་འཕེལ་རྒྱས་གཏོང་བར་འདིང་ཚོད་ཡོད་པ་དང་ཞིང་པ་རྩ་འཛུགས་བྱས་ནས་ཐོན་ལས་དེ་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་ཡུས་ཝུན་ཀོང་གིས་བཤད།
ཁྲིན་ཡན་ཧྥང་གིས་ཨ་ནན་ཏོ་རྟགས་ཅན་ཁྱབ་སྤེལ་བྱས།
2021ལོར་ཁྲེན་ཡན་ཧྥང་ཤིན་ཧྭ་གྲོང་ཚོར་ལས་འགན་འཁུར་བར་བསྐྱོད་པ་དང་། ས་གནས་དེ་གའི་སྲོལ་རྒྱུན་གྱི་མེ་བསྲེགས་ཟླ་མཆོད་བག་ལེབ་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་པ་རེད།2022ལོར་འབྲེལ་གཏུག་ལས་ཁུངས་དང་གྲོང་སྡེའི་ཏང་ཙུང་ཀྲི་ཡིས་རོགས་སྐྱོར་འོག་ཁྲིན་ཡན་ཧྥང་གིས་ཡུལ་མི་སྣེ་ཁྲིད་བྱས་ནས་ཡུན་ནན་ཨ་ཧྥང་ཉང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་ཨ་ནན་ཏོ་ཞེས་པའི་རང་ཡུལ་རྟགས་ཅན་བཙུགས་པ། ཀུང་སི་བཙུགས་ནས་ཞིང་དུད་ཀྱིས་རང་སོ་སོའི་ཐོན་སྐྱེད་བྱེད་སྟངས་ནས་གཅིག་བསྡུས་རྒྱ་ཁྱོན་གྱི་ཐོན་སྐྱེད་བྱེད་སྟངས་སུ་བསྒྱུར་ཡོད་ཅེས་ཁྲིན་ཡན་ཧྥང་གིས་བསྟན། 2022ལོ་དང་2023ལོའི་ཟླ་མཆོད་དུས་ཆེན་སྐབས་མེ་བསྲེགས་ཟླ་མཆོད་བག་ལེབ་ཀྱི་སྲོལ་རྒྱུན་ལག་རྩལ་ཤེས་པའི་ཞིང་དུད་ཀྱིས་ཕྱིར་འཚོང་ནས་དུད་རེའི་ཡོང་སྒོར་ཁྲི་3ལྷག་ཟིན་ཡོད།
སྲོལ་རྒྱུན་མེ་བསྲེགས་ཟླ་མཆོད་བག་ལེབ་ཕྱིར་འཚོང་ལ་བརྟེན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་སྐྱེད་དེ་ཆབས་ཅིག་ཁྲིན་ཡན་ཧྥང་གིས་ཐོན་སྐྱེད་དང་ལས་སྣོན་གྱི་ཚད་གཞི་མཐོ་རུ་བཏང་ནས་ཨ་ནན་ཏོ་རྟགས་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ལེགས་རིམ་སྤར་མངོན་གྱུར་བྱུང་། མིག་སྔའི་བར་ཀུང་སིས་ཕྱིར་འཚོང་ཡོང་སྒོར་ཁྲི་160ལྷག་མངོན་གྱུར་བྱུང་། རིམ་རྩིས་ལྟར་ཞིང་དུད་205སྐུལ་ཁྲིད་བྱས། དུད་རེའི་ཆ་སྙོམས་ཀྱི་ཡོང་སྒོར་7804ཟིན་པ།
དཔྱིད་གསར་དུས་ཆེན་སྐབས། ཁྲིན་ཡན་ཧྥང་གིས་གྲོང་མི་སྣེ་ཁྲིད་ནས་ཟས་ཆོག་ཚལ་བཟོས་བ། ལོ་གསར་པར་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཨ་ནན་ཏོ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་སྟོབས་ཤུགས་ཆེ་བར་བརྟེན་ནས་ཁྱབ་སྤེལ་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོར་མཐོ་རུ་འཕར་ཐུབ་པར་བྱེད་རྒྱུ་ཞེས་བཤད།
ལི་ཡུས་ཧྥང་གིས་བཟའ་བྱའི་ཤ་མོ་འདེབས་འཛུགས་ལ་བརྟེན་ནས་ཕྱུག་གྱུར་ལམ་དུ་བསྐྱོད།
ལོ་གསར་ཚེས་གཉིས་ཉིན། མང་ཆེ་བས་དུས་ཆེན་གྱི་དགའ་སྤྲོ་རོལ་བའི་སྐབས་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ལན་ཡུང་གྲོང་སྡེའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་ལི་ཡུས་མའེ་ཡིས་ཀུང་སིར་ཤ་མོའི་སྐྱེ་འཚར་གནས་ཚུལ་ལ་ལྟ་ཞིབ་བྱེད་པ།
2014ལོར་ལི་ཡུས་མའེ་ཡིས་སྟེས་དབང་དུ་མི་ཐབས་ལ་བརྟེན་ནས་བཟའ་བྱའི་ཤ་མོའི་ལག་རྩལ་གསོ་སྐྱོང་བྱེད་པ་དང་།བཟའ་བྱའི་ཤ་མོ་འདེབས་འཛུགས་བྱེད་འགོ་ཚུགས་པ།ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཉམས་མྱོང་གསོག་འཇོག་བྱས་པར་བརྒྱུད་ནས་2020ལོར་ལི་ཡུས་མའེ་ཡིས་“ཀུང་སི་+མཉམ་ལས་ཁང་+ཞིང་དུད་”རྣམ་པ་སྤྱད་ནས་འབའ་ལུང་ཁོ་ཀུང་གངས་རི་ཞིང་ནགས་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་སི་བཙུགས་ནས་རང་ཡུལ་གྱི་གནམ་གཤིས་དང་མཐུན་པའི་ཤ་མོ་འདེབས་འཛུགས་བྱས་པ་རེད།
ལས་གཏོད་པའི་ཆབས་ཅིག་མོས་སྔོན་ཐོན་ལག་རྩལ་སློབ་སྦྱོང་རྒྱུན་འཁྱོངས་བྱས།2022ལོར་ཀྲུང་གོ་མི་ཚེ་འགན་བཅོལ་ཀུང་སིས་རོགས་སྐྱོར་ལ་བརྟེན་ནས་ཡུང་ཁྲོན་ཤང་དང་འབའ་སྡེ་ཤང་གི་ཞིང་དུད་54སྣེ་ཁྲིད་དེ་ནགས་ཁྲོད་འདེབས་འཛུགས་བྱས། ཐོན་རྫས་ཉོ་སྒྲུབ་ལ་བརྟེན་ནས་ཞིང་པའི་ཡོང་སྒོར་ཁྲི་30ཟིན།2023ལོར་ཀུང་སིས་ཞིང་དུད་195སྣེ་ཁྲིད་བྱས་པ། ཞིང་དུད་ཀྱི་ཡོང་སྒོར་ཁྲི་415འཕར་བ།དུད་རེར་ཆ་སྙོམས་ཡོང་སྒོར་ཁྲི་2.12ཟིན། 2024 ལོར་ཀུང་སིའི་ནགས་ཁྲོད་བཟའ་བྱ་ཤ་མོའི་ཐོན་ལས་འཛུགས་སྐྲུན་དུ་ཞུགས་ནས་དུད་412འབྲེལ་བ་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ 5778.11ཟིན། ད་ལོར་ང་ཚོས་སྟོབས་ཤུགས་གང་ཡོད་ཀྱིས་ཚང་ར་གསར་པ་གསར་གཏོད་བྱས་ནས་དེ་བས་མང་བའི་མང་ཚོགས་ལ་ཡོང་སྤར་ཕྱུག་གྱུར་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཞེས་བཤད།