རང་བྱུང་སོལ་རླངས་ལས་གྲྭས་གྲོང་མིར་བདེ་སྐྱིད་ཀྱི་འཚོ་བ་སྤྲད་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྟེམ་སྒོ་ཕྱེ་ནས་རླངས་ཐབ་སྟེང་གི་མེ་མདོག་སྔོན་པོ་ཞིག་འབར་བ་ཡོད།    “སེམས་ཀྱི་ཉི་ཟླ་ཡང་རང་བྱུང་སོལ་རླངས་ཁྲིད་ཐུབ་པས། སོལ་རླངས་ཁྱིམ་ཚང་དུ་ཁྲིད་རྒྱུ་ནི་ང་ཚོའི་གྲོང་མིའི་ངོས་ནས་བཤད་ན་བྱ་བ་བཟང་པོ་ཞིག་རེད།    ”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུང་ཆོན་སྡེ་ཁུལ་གྱི་ཁྱིམ་ཚང་མཁྱེན་ལྡན་མ་ཀྲང་གིས་བཤད། 

2.jpg

        2024ལོའི་ཟླ་10ཚེས་21ཉིན།    བདེ་ཆེན་ཐ་ལ་སོལ་རླངས་ཚད་ཡོད་ཀུང་སིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་ལྟེ་བའི་སོལ་རླངས་སྡེབ་སྦྱོར་དང་སོལ་རླངས་སྣོན་སའི་ས་ཚིགས་སུ་གྲོང་མིའི་སྤྱོད་མཁན་གྱི་སྦུབས་ལམ་རང་བྱུང་སོལ་རླངས་མཁོ་སྤྲོད་ཚོད་ལྟ་བྱེད་པའི་མེ་སྤར་མཛད་སྒོ་འཚོགས་པ་དང་ལུང་ཆོན་སྡེ་ཁུལ་གྱི་མཁྱེན་ལྡན་མ་ཀྲང་གི་ཁྱིམ་ཚང་ཡང་ཁུལ་ཡོངས་ཀྱི་རང་བྱུང་སོལ་རླངས་འབྲེལ་མཐུད་དང་སྤྱོད་པའི་ཁྱིམ་ཚང་དང་པོར་གྱུར།“སྔོན་ཆད་ཤེལ་དམ་ནང་བླུགས་པའི་གཤེར་འགྱུར་སོལ་རླངས་སྤྱོད་སྐབས་བེད་སྤྱད་ཚར་རྗེས་ད་དུང་ཁ་པར་བཏང་ནས་བརྗེ་རྒྱུར་སྒུག་དགོས་ལ་རིན་གོང་ཡང་ཅུང་མཐོ་པོ་ཡོད་མོད།    ད་ཆ་རང་བྱུང་སོལ་རླངས་སྤྱོད་སྐབས་ལག་ཐོགས་ཁ་པར་ཐོག་ནས་གྲངས་ཐང་བླངས་ནས་སྤྲོད་དགོས་པས་བེད་སྤྱོད་བྱས་ན་དེ་བས་སྟབས་བདེ་དང་།    དེ་བས་ཕན་བདེ་ལྡན་པ།    དེ་བས་བདེ་འཇགས་བཅས་ཡིན།    ” མཁྱེན་ལྡན་མ་ཀྲང་གིས“ད་ཆ་རྒྱལ་ཁབ་ཀྱིས་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་དར་སྤེལ་ཤུགས་ཆེན་བྱེད་པ་དང་།    རང་བྱུང་སོལ་རླངས་ནི་ལྗང་མདོག་དང་དྭངས་གཙང་གི་ནུས་རྒྱུ་ཡིན་པའི་ངོས་ནས་ཁྱབ་གདལ་གཏོང་རྒྱུ་ངེས་པར་དུ་བྱེད་དགོས་པས།    སྔ་ཙམ་ཞུགས་ནས་སྔ་ཙམ་ལོངས་སྤྱོད་མི་བྱེད་དོན་ཅི་ཡིན”ཞེས་བཤད།   

1.jpg

6.jpg

        རང་བྱུང་སོལ་རླངས་ལ་འབར་སྣུམ་དང་གཤེར་འགྱུར་རྡོ་སྣུམ་སོལ་རླངས་སོགས་ནུས་རྒྱུ་གཞན་དག་དང་བསྡུར་ན་རིན་གོང་གི་ལེགས་ཆ་དང་།    སྟབས་བདེ་ལེགས་ཆ།    བདེ་འཇགས་ལེགས་ཆ།    གཙང་སྦྲ་ཁོར་ཡུག་སྲུང་སྐྱོང་གི་ལེགས་ཆ་སོགས་མངོན་གསལ་ལྡན་ཡོད།     དཔེར་ན།    མིག་སྔར་ངེད་ཀུང་སིས་གཉེར་སྐྱོང་བྱེད་པའི་LNG(གཤེར་འགྱུར་རང་བྱུང་སོལ་རླངས)དེ་གྲངས་ཚད་གཅིག་མཚུངས་ལས་བྱུང་བའི་ཚ་ཐང་གཅིག་མཚུངས་ཡིན་པའི་གཤེར་འགྱུར་རྡོ་སྣུམ་སོལ་རླངས་དང་བསྡུར་ན།    ཤེལ་དམ་རེར་12.5kgབླུགས་པའི་གཤེར་འགྱུར་རྡོ་སྣུམ་སོལ་རླངས་(ད་ལྟ་སྤྱོད་བཞིན་པའི་ཁྲོམ་རའི་རིན་གོང་ཤེལ་དམ་རེར་སྒོར་150)ལྟར་རྩིས་ན།   LNGཡི་གྲངས་ཚད་གཅིག་མཚུངས་ལས་བྱུང་བའི་ཚ་ཐང་ཧ་ལམ་38%གྲོན་ཆུང་བྱས་པ་དང་།    རང་བྱུང་སོལ་རླངས་སྦུབས་ལམ་ཐོག་ནས་སྐྱེལ་འདྲེན་བྱས་ནས་གཅིག་སྡུད་འཁོར་སྐྱོད་དོ་དམ་བྱས་པས་སོལ་རླངས་མཁོ་འདོན་བྱེད་ནུས་བརྟན་པོ་དང་དེ་བས་བདེ་འཇགས་བློས་འགེལ་ཆོག་པ་རེད”ཅེས་བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཝུན་ཞན་གྱིས་ངོ་སྤྲོད་བྱས་པ་རེད།    

4.jpg

        2014ལོར་བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་མཁོ་འདོན་ལས་གྲྭའི་རྣམ་གྲངས་རིམ་བཞིན་ལག་བསྟར་བྱས་པ་དང་ཀུང་སིར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་སྦུག་ལམ་འབར་རླངས་གཉེར་སྐྱོང་བྱེད་པའི་དབང་ཆ་སྤྲད་པ་རེད།     ལོ་མང་རིང་ཀུང་སི་དེས་ཁུལ་ཨུ་ལྷན་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལ་དམ་པོར་དམིགས་ཏེ་འགན་འཁྲི་བརྟན་པོ་ཁུར་ནས་མི་སེར་གྱི་དགོས་མཁོ་དངོས་ལ་གཞིགས་ཏེ་གྲོང་ཁུལ་གྱི་སྦུག་དྲ་བ་དང་གྲོང་མིའི་སྡེ་ཁུལ་གྱི་འབར་རླངས་ལེ་ལག་ཚང་བའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ།    འབར་རླངས་ལས་གྲྭ་ཚད་ལྡན་དང་ལུགས་མཐུན་དང་དེ་བཞིན་སོལ་རླངས་མཁོ་སྤྲོད་དང་སྤྱོད་པའི་བདེ་འཇགས་གཏན་ནས་འགན་ལེན་བྱས་ཡོད། མིག་སྔར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་ལྟེ་བར་སོལ་རླངས་སྡེབ་སྦྱོར་དང་སོལ་རླངས་སྣོན་སའི་ས་ཚིགས་གཅིག་བསྐྲུན་པ་དང་། གྲོང་ཁུལ་གྱི་འབྲིང་གནོན་དང་དམའ་གནོན་རང་བྱུང་སོལ་རླངས་སྦུབས་ལམ་སྟོང་སྨི་243ཙམ་བཏིང་ཡོད། གྲོང་ཁུལ་གྱི་དྲོད་འདོན་ཁྲོ་ཐབ་ས་ཚིགས་5ལ་ཁྱོན་ཡོངས་ནས་སོལ་རླངས་མཁོ་འདོན་བྱས་ཡོད།    སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་གྲོང་མི་872ཁྱིམ་ཚང་དུ་སྒྲིག་སྦྱོར་བྱས་ཡོད།    གྲོང་མིའི་སྡེ་ཁུལ་8དང་ཚོང་ལས་སྤྱོད་མཁན་2ལ་རང་བྱུང་སོལ་རླངས་མཁོ་འདོན་དང་བེད་སྤྱོད་བྱས་ཡོད། སྤྱོད་མཁན་གྱིས་བདེ་འཇགས་ངང་སོལ་རླངས་སྤྱོད་ཆེད།    ཀུང་སིས་ལས་སྒྲུབ་གོ་རིམ་ཚད་ལྡན་དུ་གཏོང་ཤུགས་ཆེ་རུ་བཏང་སྟེ།    མེ་སྤར་ནས་དབུགས་རྒྱུ་མ་སོང་གོང་ཀུང་སིའི་ཆེད་ལས་མི་སྣས་སྡེ་ཁུལ་གྱི་སྒོ་རའི་སྦུག་དྲ་དང་དུད་ཚང་དུ་ཁྲིད་པའི་སྦུག་ལམ་ལ་ཏན་རླུང་བརྗེ་དང་རླུང་དམ་རང་བཞིན་གྱི་ཚོད་ལྟ་བྱེད་པ་མ་ཟད།    ཕྱོགས་ཡོངས་ནས་དུད་ཚང་ནང་གི་བདེ་འཇགས་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ།    གཙོ་གནད་དུ་གནོན་སྲུང་གནས་ཚུལ་དང་།    འཛག་ཡོད་མེད།    ཐབ་ཆས་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་མིན་བཅས་ལ་ཞིབ་བཤེར་བྱས།     ལྷུ་ཚིགས་ཚང་མ་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པ་གཏན་འཁེལ་བྱས་རྗེས་གཞི་ནས་དབུགས་གཏོང་པ།   ཁྱིམ་ཚང་ཚང་མར་མེ་འབར་ནས་འཁོར་སྐྱོད་བྱེད་སྐབས།    ཀུང་སིའི་སྐུ་མགྲོན་ཞབས་ཞུ་མི་སྣས་གྲོང་མིར་སྦུག་ལམ་གྱི་རང་བྱུང་སོལ་རླངས་བེད་སྤྱོད་བྱ་ཐབས་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་དག་ཞིབ་ཕྲ་འགྲེལ་བཤད་བྱས་པ་མ་ཟད།    རང་བྱུང་སོལ་རླངས་བདེ་འཇགས་བེད་སྤྱོད་ལག་དེབ་སོགས་སྤྲད་ནས་གྲོང་མི་ཚང་མར་རང་བྱུང་སོལ་རླངས་བེད་སྤྱོད་ཚད་གཞི་དང་བརྒྱུད་རིམ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་བདེ་འཇགས་ངང་སོལ་རླངས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད། བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིའི་གཉེར་སྐྱོང་དོ་དམ་པུའི་ལས་དོན་མི་སྣ་དབྱང་ཧྥུང་གིས་ངོ་སྤྲོད་གནང་བ་རེད།   

5.jpg

        རང་ཁུལ་གྱི་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་དང་།    འགྲིམ་འགྲུལ།    ཐོན་ལས་འཕེལ་རྒྱས་སོགས་ཀྱི་ནུས་རྒྱུའི་དགོས་མཁོ་དང་ཟད་གྲོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་རེད།    རང་བྱུང་སོལ་རླངས་ནི་ཀུན་གྱིས་ཁས་ལེན་པའི་ནུས་རྒྱུ་གཙང་མ་ཡིན་པའི་ངོས་ནས་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བེད་སྤྱོད་དེ་བས་རྒྱ་ཁྱབ་ཏུ་ཕྱིན་པས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།    དམངས་འཚོ་བདེ་སྐྱིད་འཕེལ་རྒྱུ།    ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ།    སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།“རང་བྱུང་སོལ་རླངས་དེ་ཆུ་དྲོད་གཏོང་ཆས་དང་།    དྲོད་ལེན་གྱང་འགེལ་ཐབ་པ།    འཚོ་བའི་ཐབ་པ།    དྲོད་རླངས་དྲོད་འདོན་སོགས་སུ་སྤྱོད་ཆོག གོམ་སྟབས་རྗེས་མར་ང་ཚོས་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།    སྤྱོད་མཁན་གྱི་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བྱས་ཏེ།    རང་བྱུང་སོལ་རླངས་དེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་།    ཨར་ཁང་བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་སུ་རྒྱ་ཁྱབ་ཏུ་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ།     རང་ཁུལ་གྱི་་ཡུལ་སྐོར་ཞབས་ཞུ་ལེགས་སུ་གཏོང་བ་དང་།    མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་རོགས་རམ་བྱེད་དགོས།     རང་བྱུང་སོལ་རླངས་ཁྱབ་གདལ་བེད་སྤྱོད་བྱས་པ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླ་དེ་བས་ལྗང་མདོག་དང་།    སྣོད་བཅུད།    སྡོད་འོས་པའི་འབྱུང་འགྱུར་གྱི་ཕྱོགས་སུ་དེ་བས་མགྱོགས་མྱུར་བསྐྱོད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་ལི་ཝུན་ཞན་གྱིས་བཤད་པ་རེད།