རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-11   རྩོམ་ཁུངས།    康巴卫视
གྱང་ལ་བཅར་ནས་ལངས་པ་དེ་ནི་དོན་དངོས་སུ་ཚེ་རིང་བའི་ལུས་རྩལ་ཞིག་ཡིན་པས་སྣང་མེད་བྱ་མི་ཉེན་ལ། འདི་ནི་འཆམ་འཆམ་དུ་འགྲོ་བ་ལས་སྟབས་བདེ་བ་ཞིག་ཡིན་པར་མ་ཟད།ལུས་སྟོབས་སྦྱོང་བར་འགྲོ་སོང་ཅི་ཡང་མི་དགོས།
1 གྱང་ལ་བཅར་ནས་ལངས་སྟངས་ཅི་འདྲ་བྱ་དགོས།
གྱང་ལ་བཅར་ནས་ལངས་ན་ཚོ་བྱང་བ་དང་ཟས་འཇུ་བ་ལ་ཕན། ཟ་མ་ཟོས་རྗེས་བསྡད་པའམ་ཉལ་ན་ཟས་འཇུ་མི་ཐུབ་པའི་གནོད་པ་ཡོད་པར་མ་ཟད། ད་དུང་ཕོ་བ་ཆེན་པོ་ཆགས་འགྲོ། ཟ་མ་ཟོས་རྗེས་གྱང་ལ་བཅར་ནས་ཏོག་ཙམ་ལངས་ན་ཟས་འཇུ་བར་ཕན་པ་མ་ཟད། ད་དུང་ཚོ་བྱང་ཐུབ།
ལུས་རྩལ་འདི་ཐོག་མ་ལག་ལེན་བྱེད་དུས་སྐར་མ་ལྔ་ཙམ་ལ་ལངས་ཐུབ་ན་ཆོག་ལ། རིམ་བཞིན་སྐར་མ་༡༠ནས་༡༥བར་ཇེ་རིང་དུ་གཏང་ཆོག ལངས་པའི་སྐབས་སུ་ལྷམ་རྟིང་དམའ་མོ་ཅན་གྱོན་དགོས། གྱང་ལ་བརྟེན་ནས་ལངས་ན་ལུས་ཡོངས་ཀྱི་ཤ་གནད་སྦྱོང་བརྡར་བྱ་ཐུབ་ལ། གཟུགས་པོའི་ནང་གི་ཁ་ལོ་རི་ཇེ་ཉུང་གཏོང་ཐུབ། གཟུགས་པོའི་ཤ་ཚགས་དམ་དུ་འགྲོ་བ་དང་མཉམ་དུ་ཚོ་བྱང་ཐུབ་པ་མ་ཟད་ལུས་ཀྱི་ཞག་ཚིལ་ཡང་ཇེ་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད།
2 གྱང་ལ་བཅར་ནས་ལངས་ན་རྐེད་ཚིགས་དང་མཇིང་ཚིགས་ལྷོད་པོ་ཆགས་པར་ཕན། གྱང་ལ་བཅར་ནས་ལངས་སྐབས་མཇིང་ཚིགས་དང་རྐེད་ཚིགས་རང་ཤུགས་ཀྱིས་གུག་ཆ་ལྡན་ཐུབ་པས་མཇིང་ཚིགས་དང་སྒལ་ཚིགས་མདུན་དུ་སྐུམ་པའི་རྐྱེན་གྱིས་མཇིང་ཚིགས་དང་སྒལ་ཚིགས་ཀྱི་མཁར་མཚམས་གནོན་པའི་གནོད་སྐྱོན་མི་འབྱུང་།
3 གྱང་ལ་བཅར་ནས་ལངས་ན་སྒལ་གཞུང་ཡོ་བསྲང་བྱ་ཐུབ།
གྱང་ལ་བཅར་ནས་ལངས་ན། སྒལ་གཞུང་སྙོམས་སྒྲིག་དང་ཡོ་བསྲང་གི་ཕན་ནུས་ངེས་ཅན་ཞིག་ཡོད།
4 གྱང་ལ་བཅར་ནས་ལངས་ན་སྟོད་སྒུར་ཡོ་བསྲང་ལ་ཕན།
སྟོད་སྒུར་ཅུང་ཙམ་ཡིན་མཁན་རྣམས་གྱང་ལ་བཅར་ནས་ལངས་ན་ཡོ་བསྲང་གི་ནུས་པ་ཐོན་ཐུབ་པས། སྟབས་བདེ་ཞིང་ཕན་ནུས་ཀྱང་ཆེ་བ་རེད།
5 གྱང་ལ་བཅར་ནས་ལངས་ན་གོམ་པ་སྤོ་ལུགས་མི་ལེགས་མཁན་རྣམས་ཡོ་བསྲང་བྱ་ཐུབ།
མགོ་བཀྱག་སྟེ་བྲང་བཤན་པོ་བྱེད་ནས་གོམ་པ་སྤོས་ན། ད་གཟོད་མིའི་ལུས་ཕུང་གི་ཤ་གནད་ཆེན་པོ་བཅུ་གསུམ་དུས་མཉམ་དུ་འགུལ་སྐྱོད་ལེགས་པོ་ཐུབ་པ་དང་། ལུས་ཟུངས་ཇེ་དགའ་གཏོང་བ་དང་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།
ད་ལྟ་མི་མང་པོ་ཞིག་དོན་དངོས་སུ་གོམ་པ་སྤོ་ལུགས་དང་འགྲོ་ལུགས་ཡང་དག་མིན་པས། རྒྱུན་དུ་གྱང་ལ་བཅར་ནས་ལངས་རྒྱུ་ནི་ལུས་སྦྱོང་བྱེད་ཐབས་ཧ་ཅང་བཟང་པོ་ཞིག་ཡིན།
6 གྱང་ལ་བཅར་ནས་ལངས་ན་རུས་གཞི་སབ་སོབ་མི་འགྲོ་བ་ཕན།
རྒན་རྒོན་རྣམས་རྒྱུན་དུ་གྱང་ལ་བཅར་ནས་ལངས་ན་སྒལ་གཞུང་སྲུང་སྐྱོབ་དང་རུས་ཆག་མི་འབྱུང་བར་ཕན། ལངས་སྐབས་ངེས་པར་དུ་ཕྲག་པ་གཉིས་ལྷོད་དུ་བཏང་ནས་བྲང་ཁ་བཤན་པོ་བྱེད་དེ་ལྟོ་བ་སྡུད་དགོས།
གྱང་ལ་བཅར་ནས་ལངས་སྐབས་དོ་སྣང་བྱ་དགོས་སའི་སྐོར།
གྱང་ལ་བཅར་ནས་ལངས་དུས་རྐང་རྟིང་དང་། རྐང་པ།འཕོངས་པ། རྒྱབ། ལྟག་རྒྱབ་བཅས་ལུས་ཀྱི་ལྷུ་ཁག་ལྔ་དེ་གྱང་ལ་དམ་པོར་བཅར་དགོས་ལ་ད་དུང་ཡར་ལངས་པའི་སྐབས་སུ་ངེས་པར་དུ་ལུས་ཀྱི་འགུལ་སྟངས་ཚད་ལྡན་ཡིན་མིན་ལ་དོ་སྣང་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་ནུས་པ་དེ་བས་ལེགས་པ་ཐོན་ཐུབ