རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཐོག་མར་བོད་ཀྱི་མེས་པོ་རྣམས་ཀྱིས་ཇ་ཆས་དང་ཆང་ཆས། ཐབ་ཆས་སོགས་རྫ་ཆས་ནག་པོའི་ཡོ་བྱད་ཐོན་སྐྱེད་དང་འཚོ་བར་སྤྱད་ཡོད། ཇ་རྟ་གནའ་ལམ་གསར་གཏོད་བྱས་པ་དང་ཆབས་ཅིག་རྫ་མ་ནག་པོའི་ཐོན་རྫས་རྔ་རི་མཐོ་ནས་ཐོན་ཏེ་བོད་རིགས་ཀྱིས་གྱོན་ཆས་དང་འབྲུ་རིགས་བརྗེ་བའི་དངོས་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད།
“ངའི་ཨ་ཕའི་མི་རབས་དེས་སྔར་བཞིན་མི་ཁུར་རྟ་རྒྱབ་ནས་རྫ་ནག་དེ་ཉེ་འཁོར་གྱི་རྫོང་གྲོང་ཁྱེར་དུ་སྐྱེལ་ནས་བཙོང་གི་ཡོད།”ཅེས་བློ་བཟང་དངོས་གྲུབ་ཀྱིས་ཕྱིར་དྲན་བྱས་ནས་ཆུང་དུས་ཕ་ཡུལ་གྱི་འགྲིམ་འགྲུལ་སྟབས་བདེ་མེད་པས། ཨ་ཕ་རྫོང་གྲོང་དུ་འགྲོ་འོང་བྱེད་པར་ཉིན་གཉིས་དགོས་ཀྱི་ཡོད་ཅེས་བཤད་པ།
ད་ཆ་བདེ་ཆེན་གཞུང་ལམ་དང་མཁའ་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། ལོ་གཅིག་ལྷག་ཙམ་གོང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རླངས་འཁོར་ཤར་གཏོང་ཐུབ་པས་བདེ་ཆེན་དུ་མེ་འཁོར་མི་ཐོན་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། རྫ་མ་ཡང་སྐམས་ཤ་དང་བོད་ཕག་སོགས་ཀྱི་དམིགས་བསལ་ཐོན་རྫས་རི་ཆེན་ནས་ཐོན་པ་དང་བསྟུན་ནས་རྒྱུན་ལྡན་གྱི་མཁོ་ཆས་ནས་བདེ་ཆེན་གྱི་ཆེས་མཚོན་བྱེད་རང་བཞིན་གྱི་རིག་གནས་ཡུལ་སྐོར་ཚོང་ཟོག་ཏུ་གྱུར་ཡོད།
བློ་བཟང་བསྟན་པའི་མི་རབས་འདིར་བརྒྱུད་སྤྲོད་བྱས་ནས་རྫ་མ་བཟོ་བའི་ལག་རྩལ་སྔར་བས་ཕུལ་དུ་བྱུང་བ་དང་སྤྱོད་སྒོ་ཡང་སྔར་བས་རྒྱ་བསྐྱེད་པ་མ་ཟད། མེ་ཏོག་བུམ་པ་དང་། རྒྱན་ཆ། བརྐོས་བརྙན་སོགས་ཀྱི་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ཉི་ཤར་ཤང་གི་རྫ་བཟོ་བ་རྣམས་ཀྱིས་ཐོན་རྫས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་མ་ཟད། ད་དུང་ཁྲོམ་རའི་དགོས་མཁོར་གཞིགས་ནས་མངགས་བཟོ་བྱས་པའི་དངུལ་ཡང་འདོན་ཐུབ་ཀྱི་ཡོད་པ་རེད།
བློ་བཟང་བསྟན་པ་ཆུང་དུས་ནས་ཨ་ཕ་དང་དེ་བཞིན་ཡུལ་མི་རྣམས་དང་མཉམ་དུ་རྫ་མ་བཟོ་བའི་སློབ་སྦྱོང་བྱེད་ཀྱི་ཡོད། ཕ་ཡུལ་ནས་ཁ་བྲལ་ནས་སློབ་སྦྱོང་བྱས་རྗེས་ལག་རྩལ་ཉིན་རེ་བཞིན་རྒྱུས་མངའ་མེད་པ་ཡིན་མོད། འོན་ཀྱང་ཁོང་གིས་ཇི་ལྟར་བྱས་ནས་རྫ་མའི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་གཏོང་གི་ཡོད།
བློ་བཟང་བསྟན་པས་རང་ཉིད་ཀྱིས་སློབ་སྦྱོང་བྱས་པའི་མཉམ་སྦྲེལ་དྲ་རྒྱ་ཤེས་བྱ་སྤྱད་དེ་རྫ་མ་བཟོ་བའི་བརྒྱུད་རིམ་སོགས་བརྙན་ཐུང་ཞིག་ཏུ་བླངས་ནས་འབྲེལ་ལམ་སྟེགས་བུའི་ཐོག་ཁྱབ་གདལ་བཏང་བ་རེད།
བློ་བཟང་གཡང་འཛོམས་ཀྱིས་སློབ་སྦྱོང་བྱེད་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་ཉི་ཤར་རྫ་མ་དང་། ཐང་ག་སོགས་དངོས་མིན་རིག་གནས་ཤུལ་བཞག་སློབ་ཁྲིད་ནང་འདྲེན་པས་སློབ་མ་དང་ཁྱིམ་བདག་ཚོས་དགའ་པོ་བྱེད་ཀྱི་ཡོད།
བློ་བཟང་གཡང་འཛོམས་དགའ་ཤོས་ནི་རྫ་མ་བཟོ་བའི་སློབ་ཚན་ཡིན་པ་དང་ཁོང་གིས་སློབ་གྲོགས་དང་མཉམ་དུ་འདམ་རྩེད་ཐུབ་པ་མ་ཟད། གྲོགས་པོ་ཚོར་བོད་རིགས་ཀྱི་རིག་གནས་ངོ་སྤྲོད་ཀྱང་བྱེད་ཐུབ།
“སྤོ་ལགས་ཀྱིས་ཉི་ཤར་རྫ་མ་དེ་ལོ་ངོ་3000ལྷག་ཙམ་རྒྱུན་འཛིན་བྱས་ཟིན་པ་དང་ངས་ཀྱང་རྒྱུན་འཛིན་བྱེད་ཀྱི་རེད་”ཅེས་བློ་བཟང་གཡང་འཛོམས་ཀྱིས་བཤད།