དམངས་ཕན་འཁྲབ་སྟོན་གྱིས་གྲོང་མི་ཚོའི་ལོ་སར་གྱི་སྣང་བ་སྔར་ལས་སྐྱེད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར“ང་ཚོའི་དུས་ཆེན·དཔྱིད་གསར་དུས་ཆེན་གྱི་རིག་རྩལ་གྲོང་ཚོའི་ཚོགས་ཆུང་དུ་བསྐྱོད་ནས་ཁྱིམ་ཚང་ཁྲི་སྟོང་ལ་སྤྲོ་སྣང་སྐྱེལ་བའི”བརྗོད་བྱ་གཙོ་བོར་བྱས་པའི་ཁུལ་མི་རིགས་གླུ་གར་ཚོགས་པས་དཔྱིད་གསར་དུས་ཆེན་གྱི་དམངས་ཕན་འཁྲབ་སྟོན་བདེ་ཆེན་རྫོང་ཡུན་ལིང་ཤང་སི་གྲོང་གསེབ་ཏུ་འཁྲབ་སྟོན་བྱས་པ་རེད། མཛེས་སྡུག་ལྡན་པའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་གླུ་དབྱངས་ལ་ཡུལ་གྲོགས་ཚོས་དགའ་པོ་བྱེད་ཀྱི་ཡོད་པ་དང་། དགའ་འབོད་དང་ཐལ་མོ་རྡེབ་སྒྲས་གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོའི་ཐང་ཆེན་ཁེངས། དམངས་ཕན་འཁྲབ་སྟོན་གྱིས་མང་ཚོགས་ཀྱི་དུས་ཆེན་དང་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། ལོ་གསར་གྱི་བྲོ་བ་ཟབ་མོ་ཞིག་ལ་རིག་གནས་ཀྱི་ཚོན་མདངས་དང་བདེ་སྐྱིད་ཀྱི་བྲོ་བ་ཡང་བསྣན་ཡོད།