ཁུལ་ཨུའི་གྲོང་གསེབ་ལས་ཀའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-14   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་13ཉིན། ཁུལ་ཨུའི་གྲོང་གསེབ་ལས་ཀའི་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ། ཚོགས་འདུའི་ཐོག“ཞིང་གསུམ”ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་དང་གལ་ཆེའི་མཛུབ་སྟོན་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱས། ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་ཀའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱས། 2024ལོའི་“ཞིང་གསུམ”ལས་ཀ་ཕྱོགས་བསྡུས་བྱས། ད་ལོའི“ཞིང་གསུམ”ལས་ཀ་བཀོད་སྒྲིག་བཅས་བྱས་ནས་སྔར་ལས་ལྷག་པར་ཁུལ་ཡོངས་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་གཏོད་པ།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།

    ཚོགས་འདུའི་ཐོག་ཁུལ་ཡོངས་གོང་འོག་གིས་ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་ཀའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱེད། གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱེད། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་ཀྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྟོབས་ཤུགས་གང་ཡོད་ཀྱིས“ཞིང་གསུམ”ཁྱབ་ཁོངས་ནང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་འབེན་ལེགས་སྒྲུབ་བྱེད་པ་དང་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་ཚུགས་པ་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།

    གྲོང་གསེབ་ཐོག་སྟོབས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་རྒྱུན་མཐུད་ཡོང་སྤར་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ལས་ཀའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།  ཞིང་ལས་དེང་རབས་ཅན་ལ་མགྱོགས་སུ་སྐུལ་འདེད་གཏོང་དགོས། གནས་འཕྲོད་ལས་འཚམ་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་བསྒྱུར་བཅོས་རྒྱུན་མཐུན་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་།

    ཚོགས་འདུའི་ཐོག་ཏང་གིས“ཞིང་གསུམ”ལས་ཀ་ཐད་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཞིང་གསུམ”ལས་ཀའི་རུ་ཁག་སྟོབས་ལྡན་དུ་འཛུགས་དགོས། སྤྱོད་ཚུན་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་2024ལོ་འཁོར་དུ་གསར་དུ་གཏན་ཁེལ་བྱེད་པའི་རྒྱལ་ཁབ་དང་ཞིང་རིམ“ཞིང་ལས་ཐོན་ལས་ཅན་གྱི་གནད་ཆེའི་སྣེ་ཁྲིད་ཁེ་ལས”ལ་སྒོ་བྱང་གནང་བ།

    ཁྲིན་ཆོན། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་ཚོགས་འདུར་ཞུགས། ཁུལ་ཨུའི་གྲོང་གསེབ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། གསར་དུ་གཏན་ཁེལ་བྱེད་པའི་རྒྱལ་ཁབ་དང་ཞིང་རིམ་ཞིང་ལས་ཐོན་ལས་ཅན་གྱི་གནད་ཆེའི་སྣེ་ཁྲིད་ཁེ་ལས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས།

    ཚོགས་འདུ་བརྙན་ལམ་གྱི་སྒོ་ནས་ཤང་གྲོང་རིམ་དུ་ཚོགས་པ།