​ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་2025ལོ་འཁོར་གྲོས་ཚོགས་ཐེངས་དང་པོ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-14   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་2025ལོ་འཁོར་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་རྒྱལ་ཡོངས་དང་ཞིང་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས།ན་ནིང་གི་ལས་ཀ་ཕྱོགས་བསྡུས་བྱས་པ་དང་ད་ལོའི་ལས་འགན་བཀོད་སྒྲིག་བྱས།

    ཁུལ་ཨུའི་ཧྲུའུ་ཅི་ལུའུ་ཁྲའོ་ཧྥེང་གིས་ད་ལོའི་འཐབ་ཕྱོགས་གཅིག་འགྱུར་ལས་ཀ་ཡག་པོ་སྒྲུབ་པར་མཆན་བཀོད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེན་ཧྲན་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ལིའོ་ཝེ་ཚའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་།

    ལུའོ་ཁྲོའ་ཧྥེང་གིས་མཆན་བཀོད་ཐོག་2024ལོའི་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་ཀར་གྲུབ་འབྲས་གསར་པ་ཐོབ་པ་དང་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་བྱས།2025ལོར་ཁུལ་ཡོངས་འཐབ་ཕྱོགས་གཅིག་འགྱུར་གྱིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་འགྱུར་ལས་ཀ་ཡག་པོ་སྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གཙོ་བོ་སློབ་སྦྱོང་གཏིང་ཟབ་བྱེད་དགོས།རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཁྲོད་དེ་བས་ཆེ་བའི་ནུས་ཤུགས་འདོན་དགོས།  ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་ཁུལ་མགྱོགས་སུ་འཛུགས་སྐྲུན་བྱེད་དགོས།རང་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་བདེ་ཆེན་ལག་བསྟར་གཏིང་ཟབ་བྱེད་དགོས།སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཆབ་སྲིད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཐབ་ཕྱོགས་གཅིག་འགྱུར་ལས་བྱེད་རུ་ཁག་གཅིག་འཛུགས་དགོས། དུས་རབས་གསར་པའི་བདེ་ཆེན་འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན།    

    གྲོས་ཚོགས་ཐོག་ཁོངས་གཏོགས་ལས་ཁུངས་ཀྱིས་འཐབ་ཕྱོགས་གཅིག་འགྱུར་ལས་ཀའི་ལས་འགན་བརྟན་པོ་འཁུར་ནས་ཁུལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཏང་ཨུ་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད་ནུས་ལྡན་འགན་སྲུང་འདོན་དགོས་པའི་ནན་བཤད་གནང་།

    ཁུལ་འགོ་ཁྲིད་ཡུས་ཅིན་ཆོན། དབྱང་ཅི་ཝེ་གྲོས་ཚོགས་སུ་ཞུགས།