རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-14   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གྲོས་ཨུ་ཡོན་རྣམ་གྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་སེམས་གཏམ་འཁུར་ནས་ཚོགས་ཆེན་ལ་འབྱོར་ཐོ་འགོད་པ། བདེ་ཆེན་ཁུལ་དངོས་སུ་“ཚོགས་འདུ་གཉིས་ཀྱི་དུས་ཚོད”ལ་སླེབས་པ།
འབྱོར་ཐོ་འགོད་པའི་ཡུལ་དངོས་སུ་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་པ། འབྱོར་ཐོ་འགོད་ཡོང་བའི་ཨུ་ཡོན་གྱིས་འབྲེལ་ཡོད་ལས་བྱེད་པས་སྣེ་ཁྲིད་འོག་འབྱོར་ཐོ་འགོད་པའི་འགྲོ་ལུགས་འགྲིམ་པ། ལག་ཁྱེར་དང་ཚོགས་འདུའི་ཡིག་ཆ་ལེན་ནས་འབྱོར་ཐོ་འགོད་པའི་ལས་ཀ་ལས་ཆོད་ཆེ་ཞིང་སྟབས་བདེ་བ། འབྱོར་ཐོ་འགོད་པའི་རྗེས་སུ་ཨུ་ཡོན་རྣམ་གྱིས་ཚོགས་འདུའི་ཡིག་ཆ་ནན་ཏན་ངང་ལྟ་ཞིང་ཚོགས་འདུའི་གྲོས་རིམ་དང་འབྲེལ་ཡོད་བཀོད་སྒྲིག་རྒྱུས་ལོན་བྱས་ནས་འཚོགས་ཉེ་བའི་ཚོགས་ཆེན་ཆེད་གྲ་སྒྲིག་བྱེད།
འཇོལ་རྫོང་སློབ་ཆུང་དང་པོར་ཡོང་བའི་ཨུ་ཡོན་བཅོ་ལྔ་ལྷ་མོ་དམིགས་བསལ་དབང་པོ་སྐྱོན་ཅན་བྱིས་པའི་སློབ་གསོ་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཡོད། མོས་ཐེངས་འདིར་འཁུར་བའི་གྲོས་གཞི་ནི་དམིགས་བསལ་དབང་པོ་སྐྱོན་ཅན་བྱིས་པར་སློབ་གསོ་སྐྱེལ་བ་དང་སློབ་ཐེམ་དོ་དམ་སྐོར་གྱི་གྲོས་གཞི་ཡིན། མོས་སློབ་གྲྭར་ཞུགས་དཀའ་བའི་དམིགས་བསལ་བྱིས་པར་སློབ་གསོ་སྐྱེལ་བའི་ཐད་གནད་དོན་མང་པོ་ཡོད་ཅེས་བསམ་བ་དང་མོས་སློབ་གསོ་སྐྱེལ་སྟངས་བསྒྱུར་བཅོས་བྱེད། སློབ་གསོ་སྐྱེལ་བའི་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱ་ཐབས་བསྒྱུར་བཅོས་དང་ལེགས་སུ་བཏང་ནས་དམིགས་བསལ་དབང་པོ་སྐྱོན་ཅན་བྱིས་པར་སློབ་གསོ་སྐྱེལ་བའི་སྤུས་ཚད་དང་ཕན་ནུས་དེ་བས་མཐོ་རུ་གཏོང་བ་དང་ཆབས་ཅིག་དམིགས་བསལ་སློབ་མའི་སློབ་ཐེམ་དོ་དམ་དེ་བས་རྒྱ་ཁྱོན་དང་ལུགས་མཐུན་ལ་ཁག་ཐེག་བྱེད་ཐུབ་པའི་རེ་བ་བཏོན།