རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་15ཉིན་གྱི་སྔ་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན། ཀྲུའུ་རེན་ཡུས་ཧྲེང་ཞང་སོགས་གྲོས་ཚོགས་སུ་ཕེབས་ནས་རྟེན་འབྲེལ་ཞུས་བ་མ་ཟད།ད་དུང་ཀྲུའུ་ཞི་སྟེགས་བུར་བཞུགས་པ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ།ཀྲུའུ་ཞི་གཞོན་པ་ཁྲིན་ཅུན་མིང་།སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝུན། ཕན་ཞུའེ་དབྱིང་བཅས་ཀྲུང་ཞི་སྟེགས་བུར་བཞུགས་པ།
སྔ་དྲོའི་ཆུ་ཚོད་9ཡི་ཐོག་ཚོགས་ཆེན་འགོ་ཚུགས་པ།ཚོགས་མི་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
ཐེངས་འདིའི་གྲོས་ཚོགས་སུ་ཨུ་ཡོན་217ཕེབས་དགོས།དངོས་སུ་174ཕེབས་ཡོད་པ་དེ་གཏན་ཁེལ་མི་གྲངས་དང་མཐུན་པ།
གྲོས་ཚོགས་ཐོག་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།ཁོང་གིས་བསྟན་དོན།2024ལོར་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན།ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་ལག་བསྟར་བྱས།ཞིང་ཨུའི“3815”འཐབ་ཇུས་ལ་དམ་པོ་འཛིན་པ།ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་འཛུགས་གཙོ་རྐང་དུ་བྱས། དེ་བས་ཕྱོགས་ཡོངས་ནས་གཏིང་ཟབ་བསྒྱུར་བཅོས་དེ་སྒུལ་ཤུགས་སུ་གྱུར། འབད་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་ལག་བསྟར་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོས་ཡོད། 2024ལོར་ཁུལ་སྲིད་གྲོས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིགཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར། མཐུན་སྒྲིལ་དང་དམངས་གཙོ་བརྗོད་བྱ་གཙོ་བོ་གཉིས་དམ་པོར་བཟུང་། ཆབ་སྲིད་སྲིད་གྲོས། འགན་འཁྲི་སྲིད་གྲོས། དམངས་ཆེད་སྲིད་གྲོས། འཆམ་མཐུན་སྲིད་གྲོས། ནུས་ཕྱོད་སྲིད་གྲོས་འཛུགས་སྐྲུན་མགྱོགས་སུ་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་ལ་ཞབས་འདེགས་ཞུས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་བསྟར་སྐུལ་འདེད་གཏོང་བར་བདེ་ཆེན་གྱི་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།
ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་དང་།“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་“ལོ་གསུམ་རིང་སྐས་རིམ་དུ་འཛེགས་པ”མངོན་གྱུར་བྱུང་བའི་ལོ།ཕྲེང་སྟར་ལོ་གསུམ་བྱ་སྤྱོད་བློ་ཐག་གཙང་བཅད་ཀྱིས་འཐབ་འཛིང་བྱེད་པའི་ལོ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་ཇུས་འགོད་བྱེད་པའི་ལོ་ཡིན།ཁུལ་ཡོངས་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་རྒྱུན་འཁྱོངས་བྱེད་ནས་མི་དམངས་སྲིད་གྲོས་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་སུ་གཏོང་བའི་སྐོར་གྱི་གལ་ཆེའི་དགོངས་དོན་དང་ཡུན་ནན་དུ་རྟོབ་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱེད་པ་དང་ཏང་གིས་སྲིད་གྲོས་ལས་ཀ་སྐོར་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུན་འཁྱོངས་བྱེད། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དེ་མི་དམངས་སྲིད་གྲོས་ཀྱི་གཞི་རྩའི་བླང་བྱར་འགྱུར་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་ཁུལ་ཡོངས་སྤྱི་ཚོགས་བརྟན་བརླིང་སྲུང་བ་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་སུ་གཏོང་བ། དཀའ་གནད་ཐག་གཅོད་སོགས་ཀྱི་ཐད་སྲིད་གླེང་ཐབས་འདོན་བྱེད་དགོས། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བའི་ཐད་སྲིད་གྲོས་ཀྱིས་ནུས་ཤུགས་འདོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་སྲིད་གྲོས་ཀྱི་བློ་རིག་སྟོབས་ཤུགས་འདོན་དགོས། རང་ངོས་འཛུགས་སྐྲུན་ཤུགས་ཆེར་རྒྱུན་འཁྱོངས་བྱེད་པ། ནན་ཏན་གྱིས་ལས་འགན་སྒྲུབ་པ། འགན་འཁྲི་འཁུར་ཕོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་རྩོམ་པར་དེ་བས་ཆེ་བའི་ལེགས་སྐྱེས་འཕུལ་དགོས་པའི་ནན་བཤད་གནང་།
མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་ཀ་སྙན་སེང་ཞུས། 2024ལོར་ཁུལ་སྲིད་གྲོས་ཀྱིས་ཀྲུང་གུང་བདེ་ཆེན་ཁུལ་ཨུས་འགོ་ཁྲིད་དང་ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་འོག་སྲིད་གྲོས་ཀྱི་རང་བཞིན་ངེས་གནས་ལ་དམ་པོར་བཟུང་།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པའི་ལས་ཀའི་བཀོད་སྒྲིག་ལ་དམིགས་པ། བརྟན་བརླིང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་དོན་ཆེན་བཞི་ལ་དམ་འཛིན་བྱས་ནས་ལས་འགན་སྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་ཧུར་ཐག་འཕུལ་ཡོད་ཅེས་བསྟན།
སྙན་ཞུའི་ཐོག་ལོ་གསར་པར་ཁུལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་མུ་མཐུད་རྒྱུན་འཁྱོངས་བྱེད།ཕྱོགས་ཡོངས་ནས་ཀྲུང་གུང་ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད། ཀྲུང་གུང་བདེ་ཆེན་ཁུལ་ཨུས་ཡག་དག་པས་འགོ་ཁྲིད་འོག་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་ལ་དམ་འཛིན་བྱེད་ནས་“ཆབ་སྲིད་སྲིད་གྲོས”འཛུགས་སྐྲུན་བྱེད།ལྟེ་གནས་ལ་དམིགས་ནས་འཕེལ་རྒྱས་ལ་ཞབས་འདེགས་རྒྱུན་འཁྱོངས་བྱེད་ནས་“འགན་འཁྲིའི་སྲིད་གྲོས”འཛུགས་སྐྲུན་བྱེད།མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱེད་ནས་“དམངས་ཀྱི་སྲིད་གྲོས”འཛུགས་སྐྲུན་བྱེད།མཐུན་སྒྲིལ་མཛའ་འབྲེལ་རྒྱ་ཆེར་སྤེལ་ནས་ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་ནས་“འཆམ་མཐུན་སྲིད་གྲོས”འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་།
ཁྲིན་ཅུན་མིང་གིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངག་ལྟར་ཚོགས་ཆེན་སྟེང་འདས་པའི་ལོ་གཅིག་རིང་གི་གྲོས་གཞི་ལས་ཀའི་གནས་ཚུལ་སྙན་སེང་ཞུས།
དབྱང་ཅི་ཝུན་གྱིས་ཚོགས་ཆེན་ལ་《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་ནུས་ཤུགས་འདོན་པའི་སྐོར་གྱི་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཆོས་དོན》གྱི་གསལ་བཤད་གནང་།
གྲོས་ཚོགས་ཐོག་ཁུལ་སྲིད་གྲོས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་”ཨུ་ཡོན་ལས་ཁང་ལ་སྒོ་བྱང་གནང་བ།
ཁུལ་ཨུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་རྒྱལ་ཁབ་བདེ་སྲུང་ཅུས། བདེ་ཆེན་ཡན་ལག་དམག་ཁུལ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་གྲོས་ཚོགས་སུ་ཞུགས།
ཁུལ་ཐད་གཏོགས་སྡེ་ཚན། ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས། བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དཔུང་ཁག་གི་གདན་ཞུས་ལྟར་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།