རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཐོ་འགོད་ཡུལ་དངོས་སུ་འཐུས་མི་ཚོས་ལས་དོན་མི་སྣའི་ཁྲིད་སྟོན་འོག་ཐོ་འགོད་ཀྱི་འགྲོ་ལུགས་མགྱོགས་མྱུར་ངང་ལེགས་སྒྲུབ་བྱས་པ་དང་བརྒྱུད་རིམ་ཧྲིལ་པོ་སྟབས་བདེ་དང་། གོ་རིམ་ལྡན་པ། ཕན་ནུས་ཆེ་བ་རེད། འཐུས་མི་མི་ཉུང་བ་ཞིག་གིས་ཐོ་འགོད་གོ་རིམ་ལེགས་འགྲུབ་བྱུང་རྗེས། མགྱོགས་མྱུར་ངང་ཚོགས་འདུའི་གྲོས་རིམ་ལ་རྒྱུས་ལོན་དང་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ། ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་སོགས་གླེང་མང་བའི་བརྗོད་གཞི་ལ་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ་ཐེངས་འདིའི་ཚོགས་འདུའི་ནང་ལེགས་པར་ཞུགས་ཆེད“སློབ་ཚན་”གང་ལེགས་བསྒྲུབས་ཡོད།
དབྱང་དབྱིན་ཀྲུང་གིས་འཐུས་མིའི་ལག་ཁྱེར་ནན་ཏན་གྱིས་བཏགས་ནས་རང་ཉིད་ཀྱིས་ལོ་ན་མ་སོན་པའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཅུང་དོ་ཁུར་བྱེད་ཀྱི་ཡོད། ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པས། སྲིད་གཞུང་དང་། སློབ་གྲྭ ཁྱིམ་ཚང་། སྡེ་ཁུལ་བཅས་ཕྱོགས་མང་པོའི་མཉམ་ལས་བྱས་ནས་མཉམ་སྡེབ་བྱས་ཏེ་ལོ་ན་མ་སོན་པའི་སྐྱེ་བོ་ལ་འཚོ་བ་དང་། བདེ་ཐང་། བདེ་འཇགས་སོགས་ཀྱི་ཐད་འགན་སྲུང་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་བཤད་པ་རེད།
ཐོ་འགོད་བྱས་ཚར་རྗེས།ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ལི་ཧྭ་དང་འཐུས་མི་གཞན་དག་གིས་ཚོགས་འདུའི་དཔྱད་གཞི་ལ་གཟབ་ནན་ངང་བལྟས་ནས་ཚོགས་འདུའི་གྲོས་རིམ་དང་འབྲེལ་ཡོད་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།འཐུས་མི་ཡུས་ལི་ཧྭས་ཐེངས་འདིའི་ཚོགས་ཆེན་ཐོག་ངས་སྙན་ཞུ་ཁག་ནན་ཏན་གྱིས་ཉན་པ་དང་གྲོས་ཞིབ་བྱས་ཏེ་ཧུར་ཐག་དང་རང་འགུལ་ངང་མི་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བླ་ན་མེད་པའི་འགན་འཁྲི་དང་ལས་འགན་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད་བྱུང་།
འདས་ཟིན་པའི་ལོ་གཅིག་ནང་འཐུས་མི་རྣམས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཉེར་བའི་འགན་འཁྲི་སྒྲུབ་པའི་གསོ་སྦྱོང་དང་འཐུས་མིའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཧུར་ཐག་ངང་ཞུགས་ནས་རང་ངོས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་གཞི་རིམ་དང་འཐབ་ཕྱོགས་དང་པོའི་ནང་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་མང་པོ་ཞིག་གྲུབ་ཡོད། འབྱུང་འགྱུར་གྱི་ཉིན་འགའི་ནང་ཁོང་ཚོས་ཀྱང་ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལས་འགན་འདུ་ཤེས་ཐོག་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་ཁུལ་ཡོངས་མི་དམངས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་དམངས་འཚོ་དོན་དག་དང་། གླེང་ཆ་ཆེ་བའི་གནད་དོན། དེ་བཞིན་ཁུལ་ཡོངས་ཀྱི་དོན་ཆེན་སོགས་ལ་དམིགས་ནས་སེམས་མཐུན་གཞོགས་འདེགས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མིའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།