རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་16ཉིན་གྱི་སྔ་དྲོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཐེངས་འདིའི་ཚོགས་འདུར་འཐུས་མི་245ཞུགས་དགོས་པ་དང་དོན་དངོས་ཐོག་འཐུས་མི་209ཞུགས་ཡོད་པ་དེ་ཁྲིམས་གཏན་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ནི། ལུའོ་ཁྲའོ་ཧྥེང་དང་། ཕེང་ཧྲན། ལི་ཡན་ལན། ཡུས་ཧྲེང་ཞང་། མེའོ་ཡིའུ་ཧྥ། དབྱང་ཙི་ཅང་། ལི་དབྱང་། ཞའོ་ཞུའུ། མ་གོ་ཀྲུང་། དབྱང་ཞུའེ་ཧྥུན། ཀྲང་ཚུང་ལིན། ཞ་ཀྲི་ཡུན། རིན་ཆེན་ནོར་བུ་བཅས་ཡིན། སྔ་དྲོའི་ཆུ་ཚོད་9པར་ཚོགས་ཆེན་འགོ་ཚུགས་པ་དང་། ཚོགས་མི་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ།
སྙན་ཞུའི་ནང་བསྟན་དོན།2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་དང་། བདེ་ཆེན་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པ་དང་། དཀའ་ཚེགས་ཆེ་བ། འགྲན་སློང་ཆེན་པོ་ལྡན་པའི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ། གསུམ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་ནུས་ལྡན་འོག་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། “བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་བྱས་པ་དང་། ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས། “མཐའ་ཐིག་སྲུང་རྒྱུ་དང་། འདེགས་སྐྱོར་བརྟན་པོ། སྒུལ་ཤུགས་འཕར་རྒྱུ། སྐས་རིམ་དུ་སླེབས་རྒྱུ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར། “དཔལ་འབྱོར་ཆེན་པོ་གསུམ”ལ་དམ་པོར་དམིགས་ནས་“དམ་འཛིན་ཆེན་པོ་དྲུག་”དོན་འཁྱོལ་བྱེད་པ། རང་འགུལ་ངང་བསམ་བློ་གཏོང་བ་དང་། ཏན་ཏིག་བྱེད་པ། ཕན་འབྲས་ལ་བལྟ་བ་བཅས་བྱས་ཏེ། ཧུར་བརྩོན་གྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་བཏང་བ།2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་307.01ལེགས་གྲུབ་བྱུང་ནས་0.4%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་8.8%འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.6%འཕར་ཡོད།
སྙན་ཞུའི་ནང་བཏོན་དོན།2025ལོར་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་གི་ཐབས་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་དང་དམ་པོར་དམ་འཛིན་བྱེད་ནས། བརྟན་བརླིང་ཁྲོད་དུ་ཡར་རྒྱས་བརྩོན་ལེན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་བྱེད་པ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་བསམ་འཆར་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཆབ་སྲིད་སྣོད་བཅུད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་གྲོས་འགོ་བཅོས་སྒྲིག་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས། “བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་རྒྱུན་མཐུད་དམ་འཛིན་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱུང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་ཡོང་བར་རྨང་གཞི་ཡག་པོ་འདིང་དགོས།
སྙན་ཞུའི་ནང་བཏོན་དོན།ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བ་དང་།ཐོན་ལས་ལ་མ་དངུལ་འཇོག་གྲངས་7%འཕར་བ།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་8%འཕར་བ།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་5%འཕར་བ། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་བ3%འཕར་བ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་དང་།རྩིས་གཞི་རེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་འགྲོ་ཚད་དམའ་རུ་བཏང་ནས་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱེད་པའི་དམིགས་འབེན་ལེགས་འགྲུབ་བྱ་དགོས།
སྙན་ཞུའི་ནང་བཏོན་དོན།ད་ལོར་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་བྱ་དགོས། གྲུབ་ཆ་ལེགས་སུ་གཏོང་བ་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། གནོད་མེད་ནུས་རྒྱུ། ལྗང་མདོག་གཏེར་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་བ་སྐྱེད་སྲིང་མགྱོགས་སུ་བཏང་ནས། ཐོན་ལས་ཀྱི“མཐོ་ས་གསར་པ”བསྐྲུན་དགོས།གསོག་ཚད་གང་འགབ་ཅི་སྤྱོད་དང་འཕར་ཚད་ལེགས་སུ་གཏོང་རྒྱུར་དམིགས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་“སྒུལ་བྱེད་འཕྲུལ་འཁོར་གསར་པ་”བརྟན་དུ་གཏོང་དགོས་པ། གྲུབ་འབྲས་སྲ་བརྟན་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་།འཛུགས་སྐྲུན།བཅོས་སྐྱོང་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་།བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་གསུམ་གྱི་“ལེ་ཚན་གསར་པ”རྩོམ་དགོས།ཕྱི་ནང་མཉམ་བཟོ་དང་འཛུགས་སྐྲུན་དོ་དམ་གལ་ཆེ་མཉམ་དུ་འཛིན་རྒྱུར་དམིགས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་བཀོད་པ་རྒྱུན་མཐུད་ངང་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་མཉེན་ཆ་དང་། སྤུས་ལེགས། སྒྲིག་ལམ་བཅས་ཀྱི་གྲོང་ཁྱེར་བསྐྲུན་ཏེ་གྲོང་ཁྱེར་གྱི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་ཁྱིམ་གཞིས་གྱི“རྣམ་པ་གསར་པ”མཛེས་བཟོ་བྱེད་དགོས། སྣོད་བཅུད་གནས་སྡོད་དང་གནམ་སྔོན་པོ་དང་ས་གཙང་ལ་དམིགས་ནས།ཁོར་ཡུག་བཅོས་སྐྱོང་དང་། སྐྱེ་ཁམས་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱས་ཏེ། སྐྱེ་ཁམས་ཀྱི་“ལེགས་ཆ་གསར་པ”རྒྱ་སྐྱེད་གཏོང་བ། གསོན་ཤུགས་སྐུལ་སྤེལ་དང་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེན་བྱས་ཏེ། བསྒྱུར་བཅོས་བྱེད་ཤུགས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་འདོན་རྒྱུར་ཤུགས་སྣོན་རྒྱབ་ནས་མ་འཇོག་གྱི“མིང་བྱང་གསར་པ”ཕྱིས་པ། སྤྱི་ཕན་མཉམ་སྤྱོད་དང་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་དམིགས་ནས། ལས་ཞུགས་སྔོན་ལ་ཁྲིད་སྟོན་འབུར་ཐོན་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་ཆུ་ཚད་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་མང་ཚོགས་གྱི“རེ་སྒུག་གསར་པ”སྐོང་དགོས། འཆམ་མཐུན་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་ལ་དམིགས་ནས། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལེགས་པར་བྱས་ཏེ། བདེ་འཇགས་ཀྱི་“མ་མཐའི་ཐིག་གསར་པ”སྲ་བརྟན་དུ་བསྐྲུན་དགོས།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་གྱིས་འཐུས་མིར་བདེ་ཆེན་ཁུལ་གྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ། བདེ་ཆེན་ཁུལ་གྱི་2024ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ས་གནས་ནོར་སྲིད་སྔོན་རྩིས་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་གནང་རོགས་ཞུས་པ་རེད།
ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་ད་དུང་ཀྲུའུ་ཧུང་དང་།ལིའོ་ཝུན་ཚའེ།ཁྲེན་ཆུན།ལུའུ་ཀྲི་ཅུན།དབྱང་ཞུའེ་ཝུན།ཧྥེ་པིན་ཆང་།ཞུང་ཝུན་པིན།ཧུའུ་ཧྥེ་ཞུང་།དབྱང་ཅན་ཧྭ།དབྱང་ཧྲུའུ་ཆི།སུང་ཡུང་ལི།ཡུས་ཅིན་ཆོན།ཡུས་ཡུང་ཧུང།ཡུས་ཀུའེ་ཧྥུན།ཞུས་ཀོང་ཏེ།ལིན་ཧའོ།ལི་ཐའོ།པའོ་ཡུས་ཏུང་།ཧོང་ལུང་ཞིན།ཁྲེན་ཅུན་མིང་།སྐལ་བཟང་རྣམ་རྒྱལ།དབྱང་ཅི་ཝུན།ཕན་ཞུའེ་ཡིན།ལིའུ་ཐེན་མིང་།མེང་གོ་པིན།ཀྲང་ལི་ཅུན་སོགས་བཞུགས་ཡོད།
སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།