རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-16   རྩོམ་ཁུངས།    མི་དམངས་དྲ་བ།
ཉི་ཟེར་གྱི་ཐོག་མ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ཕུ་མ་གཡུ་མཚོའི་ཕྱོགས་སུ་འཕྲོ་དུས། དར་འཁྱགས་ཀྱིས་བསྡམས་པའི་མཚེའུ་ནི་རྡོ་རྗེ་ཕ་ལམ་སྔོན་པོ་ཞིག་ལྟར་འོད་ཟེར་ཆེམ་ཆེམ་དུ་སྣང་། ནམ་མཁའ་དང་ཐག་ཆེས་ཉེ་བའི་ས་ཆ་འདིར། ལོ་ངོ་སྟོང་ཕྲག་རིང་རྒྱུན་འཁྱོངས་བྱས་པའི་ཚེ་སྲོག་གི་བསྟོད་བསྔགས་ཤིག་སྟེ། དར་ཐོག་ལུག་འདེད་པ་དེ་རིམ་བཞིན་འགོ་ཚུགས་ཡོད།
ཕུ་མ་གཡུ་མཚོའི“དར་ཐོག་ལུག་འདེད་པ”ནི་ས་གནས་དེ་གའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུད་ནས་ཡོང་བའི་བློ་གྲོས་ཤིག་རེད། ལོ་རེའི་དགུན་དུས་སུ། ཐུ་བ་གྲོང་ཚོར་ས་བབ་མཐོ་བ་དང་དབྱར་དུས་ཐུང་རྐྱེན། རྩྭ་སས་ལུག་ཁྱུ་ལ་དགུན་དུས་ཀྱི་གཟན་ཆག་འདང་ངེས་མཁོ་འདོན་བྱེད་ཐུབ་ཀྱི་མེད། དེར་བརྟེན། ལོ་རེའི་གྲང་ངར་ཆེས་ཆེ་བའི་དུས་སུ་ཐུ་བ་གྲོང་ཚོའི་འབྲོག་པ་ཚོས་ལུག་ཁྱུ་ཕུ་མ་གཡུ་མཚོའི་རྩྭ་ཆུ་ཕུན་སུམ་ཚོགས་པོ་ཡོད་སའི་མཚོ་སྙིང་གླིང་ཕྲན་དུ་དེད་དེ། གླིང་ཕྲན་ཐོག་གི་རྩྭ་རིགས་ལ་བརྟེན་ནས་གྲང་ངར་ལྡན་པའི་དགུན་དུས་ཕར་བསྐྱལ་གྱི་ཡོད།
ཐུ་བ་གྲོང་ཚོའི་འབྲོག་པའི་ངོས་ནས་བརྗོད་ན། དར་ཐོག་ལུག་འདེད་པ་ནི་སྤྱིར་བཏང་གི་གནས་སྤོས་ཤིག་མིན། ཁོང་ཚོས་འཁྱགས་པ་དང་ཁ་བས་ཉམས་སད་བརྒྱུད་རྗེས། ལུག་ཁྱུ་གཞི་ནས་སྔར་བས་སྟོབས་ཤུགས་ལྡན་པ་དང་། ཕྱི་ལོར་གཞི་ནས་འཕེལ་ཁ་དར་བར་ཡིད་ཆེས་བྱེད་ཀྱི་ཡོད།
ཆུ་ཚོད་ཁ་ཤས་ལ་བསྐྱོད་རྗེས། ལུག་ཁྱུ་གཞི་ནས་བདེ་འཇགས་ངང་མཚོ་སྙིང་གླིང་ཕྲན་དུ་སླེབས་ཡོད།