རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་སྐབས། ཚོགས་ཆེན་གྱི་གྲོས་གཞི་ཚོ་ཆུང་གིས་འཐུས་མིས་བཏོན་པའི་བསམ་འཆར་ཁྱོན་109འབྱོར་བ། (དེའི་ནང་གྲོས་གཞི་ནས་གྲོས་འགོར་8བསྒྱུར།)དེའི་ནང་ཞིང་ནགས་ཆུ་རླངས་ཀྱི་རིགས་21ཡོད། ཚན་སློབ་རིག་འཕྲོད་ཀྱི་རིགས་27ཡོད། བཟོ་ལས་དང་འགྲིམ་འགྲུལ་གྱི་དཔལ་འབྱོར་རིགས་16ཡོད། སྤྱི་ཚོགས་ལས་དོན་རིགས་27ཡོད། ནོར་སྲིད་ཉོ་ཚོང་དངུལ་རྩའི་རིགས་4ཡོད། གྲོང་ཁྱེར་འཛུགས་སྐྲུན་གྱི་རིགས་2ཡོད། སྐྱེ་ཁམས་སྲུང་སྐྱོང་གི་རིགས་9ཡོད། ཏང་དང་མང་ཚོགས་ཕྱོགས་བསྡུས་ཀྱི་རིགས་3ཡོད། འཐུས་མིའི་གྲོས་འགོ་109ཡི་ནང་ཏང་ཨུའི་མ་ལག་གིས་8གཙོ་སྒྲུབ་བྱས། སྲིད་གཞུང་མ་ལག་གིས་101གཙོ་སྒྲུབ་བྱས། སྒྲུབ་འགན་འཁུར་མཁན་ཚན་པ་27དང་སྒྲུབ་རོགས་ཚན་པ་24དང་འབྲེལ་བ་ཡོད་པ། 2024ལོའི་ཟླ་9པའི་བར་འཐུས་མིའི་གྲོས་འགོ་109ཚང་མ་གཏན་འབེབས་ལྟར་སྒྲུབ་ཚར་བ་མ་ཟད་ཚུར་ལེན་བྱས་ནས་ཐག་གཅོད་བྱེད་ཚད་100%ཟིན། གྲོས་འགོ་སྒྲུབ་པའི་ངོ་ཐུག་ནས་གྲོས་བསྡུར་དང་ལན་འདེབས་པའི་ལས་ཀ་ཡོངས་ཁེབས་མངོན་འགྱུར་བྱུང་།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་2024ལོ་འཁོར་གྱི་ལས་ཀའི་བཀོད་སྒྲིག་ལྟར། འཐུས་མིའི་གྲོས་འགོ་སྒྲུབ་པའི་ལག་བསྟར་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་ཆེད། ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་ནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བསམ་འཆར་ཐག་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། འཐུས་མིའི་གྲོས་འགོ་བསྒྲུབ་རྒྱུར་སྤྲོད་པ་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་ལས་ཀར་དམ་པོར་དམིགས་ནས་དུས་ཐོག་ཏུ་བཀོད་སྒྲིག་བྱེད་རྒྱུ། གཏན་འབེབས་ཀྱི་བླང་བྱ་ལྟར་འཐུས་མིའི་གྲོས་འགོ་བསྒྲུབ་རྒྱུར་སྤྲོད་པ་དང་སྒྲུབ་སྐུལ་ལས་འགན་ཁག་བགོས་རྒྱུ་མ་ཟད། ད་དུང་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱིས་སྒྲུབ་པའི་བརྒྱུད་རིམ་ཁྲོད་བྱ་ཐབས་སྣ་ཚོགས་ཧུར་ཐག་སྤྱད་དེ་སྒྲུབ་སྐུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། གྲོས་འགོ་སྒྲུབ་གཉེར་ལས་ཀའི་གནས་ཚུལ་དང་བློ་ཡིད་ཚིམ་ཚད་ཁོང་དུ་གང་ལེགས་ཆུད་པ། གྲོས་འགོ་སྒྲུབ་སྒྲུབ་གཉེར་ལས་ཀའི་སྤུས་ཚད་དང་ཕན་འབྲས་ནན་ཏན་གྱིས་སྐུལ་འདེད་གཏོང་རྒྱུ།