སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབས་པར་གྲུབ་འབྲས་མངོན་གསལ་ཡིན་ཏེ། ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་98%ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ2པའི་ཚེས15ཉིན།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ།  ཚོགས་ཆེན་གྱིས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ》གསན་པ་རེད།  སྙན་ཞུ་ལས་མངོན་པར།    སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་བསྒྲུབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གྲོས་གཞི་ཚང་མ་བསྒྲུབས་ཟིན་པ་དང་ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་98%ཟིན་ཡོད་པ་རེད།   

    སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།    ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་།    ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།    ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ།    ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།  ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་དང་། ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཐོག་མཐའ་བར་གསུམ་དུ་ཁུལ་ཨུའི་ལྟེ་བའི་ལས་དོན་གང་དུ་སྐུལ་འདེད་གཏོང་བ་དང་།    སྲིད་གྲོས་ཀྱིས་ལས་འགན་སྒྲུབ་པ་གང་དུ་རྗེས་འདེད་བྱེད་པ་མཐའ་འཁྱོངས་བྱས་ནས།  གྲོས་གཞི་དེ་འགན་ནུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་གཞི་ཧུར་ཐག་སྤྱད་དེ་འགན་འཁྲི་བསྒྲུབས་པས།    ཁྱོན་གྲོས་གཞི་153བཏོན་པ་དང་།    ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་135ཐོ་འགོད་བྱས་པ་རེད།    འདིའི་ཁྲོད་དུ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་།    ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།    “དཔལ་འབྱོར་ཆེན་པོ་གསུམ་”འཕེལ་རྒྱས།    གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་གྲོས་གཞི་37བཏོན་ཡོད།     དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ་དང་།    ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བ།    སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།    དམངས་འཚོ་འགན་སྲུང་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་གྲོས་གཞི་68བཏོན་པ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་།    མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ།    སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་གྲོས་གཞི་10བཏོན་པ་རེད།    སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་།    ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ།    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་གྲོས་གཞི་12བཏོན་པ་རེད།    སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་བརྩོན་ལེན་བྱེད་པ་དང་།    ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ལ་དམིགས་ནས་གྲོས་གཞི་8བཏོན་ཡོད།  

    ལོ་གཅིག་རིང་བདེ་ཆེན་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་གྲོས་གཞིའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་གཞིའི་ལས་དོན་དེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོས་གཞིའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ། གྲོས་འགོ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་གྲོས་གཞིའི་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།       2025ལོར་བདེ་ཆེན་ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱིས་ཞིང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལ་དམ་པོར་དམིགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་རྒྱུ་དེ་གྲོས་གཞིའི་ལས་དོན་གྱི་བརྗོད་དོན་གཙོ་བོའི་གཙོ་ཐིག་ཏུ་བརྩི་རྒྱུ་དང་།       ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་དེ་གཙོ་གནད་དུ་བརྩི་བ།   ལམ་ལུགས་ཅན་དང་།    ཚད་ལྡན་ཅན།    གོ་རིམ་ཅན་བཅས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་འགན་སྲུང་གལ་ཆེན་དུ་བརྩིས་ནས།གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་།    དྲང་སྲུང་གསར་གཏོད་ལ་མཐོང་ཆེན་བྱས་ནས།   “འགྲན་སློང་བཞི་ལ”ལ་ཁ་གཏད་ཧུར་ཐག་གཏོང་བ་དང་།    འགན་འཁྲི་ཏན་ཏིག་བསྒྲུབ་པ།    གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གྲོས་གཞིར་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས་པ་རེད།