ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ2པའི་ཚེས18ཉིན་གྱི་སྔ་དྲོར།  སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་ལེགས་གྲུབ་བྱུང་སྟེ།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།    
    ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན།    མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན་བཅས་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་པ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥས་མཇུག་འགྲིལ་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ། ཀྲུའུ་ཞི་གཞོན་པ་ཁྲེན་ཅུན་མིང་དང་།    སྐལ་བཟང་རྣམ་རྒྱལ།   དབྱང་ཅི་ཝུན།    ཕན་ཞུའེ་དབྱིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ།   
ཐེངས་འདིའི་གྲོས་ཚོགས་སུ་ཨུ་ཡོན་217ཕེབས་དགོས་པ་དང་།དོན་དངོས་ཐོག་ཨུ་ཡོན་165ཕེབས་ཡོད་པ་དེ་ཁྲིམས་གཏན་མི་གྲངས་དང་མཐུན་པ་རེད།
    གྲོས་ཚོགས་ཐོག་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་ནུས་ཤུགས་འདོན་པའི་སྐོར་གྱི་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཆོས་དོན》གྱི་གྲོས་ཆོད། སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད།  སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
    མིའོ་ཡིའུ་ཧྥ་ཡིས་གསུང་བཤད་ཐོག་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག་ཨུ་ཡོན་ཚང་མ་དང་གྲོས་ཚོགས་སུ་ཞུགས་པའི་བློ་མཐུན་གྱིས་མཉམ་དུ་འབད་བརྩོན་བྱས་ནས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་། གྲོས་ཚོགས་ཀྱི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་དཔོན་ཀྲང་ཝེ་ཏུང་སོགས་རང་ཁུལ་གྱི་འགོ་ཁྲིད་གཙོ་བོ་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས། ཨུ་ཡོན་ཚང་མ་དང་ཚོགས་འདུར་ཞུགས་པའི་བློ་མཐུན་གཏིང་ཟབ་གྲོས་མོལ་དང་ཐབས་འདོན་ཇུས་འབུལ་བྱས། འདེམས་བསྐོའི་ལས་འགན་ལེགས་འགྲུབ་བྱུང་། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་པའི་ཆོས་དོན》བྱས་ནས་སྲིད་གྲོས་ཀྱི་ལེགས་ཆ་དང་ཨུ་ཡོན་གྱི་འགན་ཁུར་བསྟན་པ་ཞེས་བཤད།
མིའོ་ཡིའུ་ཧྥ་ཡིས་ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་བསྡུའི་ལོ་ཡིན་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་འགོད་པའི་ལོའང་ཡིན། མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཆེ་བ། ཁུལ་ཡོངས་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་གཏིང་ཟབ་ཏུ་དོན་འཁྱོལ་ལག་བསྟར་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་ཏུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་གཙོ་བོ་ལག་བསྟར་བྱེད་པ། ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་དང་དོན་ཆེན་བཞི་དམ་པོ་འཛིན་ནས་“སྲིད་གྲོས་ཁག་ལྔའི་”འཛུགས་སྐྲུན་ནན་ཏན་གྱིས་སྒྲུབ་པ་དང་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་དང་གྲོས་ཆོད་དོན་འཁྱོལ་ལག་བསྟར་བྱེད་དགོས། ལས་ཀ་འབད་བརྩོན་བྱེད་པ་དང་ཐབས་འདོན་ཇུས་འབུལ། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་བདེ་ཆེན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
    མིའོ་ཡིའུ་ཧྥ་ཡིས་ང་ཚོ་བློ་མཐུན་ཞི་ཅིན་ཕིང་ལྟེ་བར་འཛིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་རྒྱུར་སྔར་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན།
    རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།ཀྲུའུ་ཧུང་།  ལི་དབྱང་།    ལེའོ་ཝུན་ཚའེ།    ཁྲེན་ཆུན།    ལུའུ་ཀྲི་ཅུན།    དབྱང་ཞུའེ་ཝུན།ཧྥེ་པིན་ཆང་།ཞུང་ཝུན་པིན།ཧུའུ་ཧྥེ་ཞུང་སོགས་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།
    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་རྒྱལ་ཁབ་བདེ་སྲུང་ཅུས། ཁུལ་སྲིད་གྲོས་ཞུགས་མཁན་སྡེ་ཚན་ཁག་གི་འགན་འཁུར་བ་ཚོགས་འདུའི་ནང་ཞུགས་པ་རེད།  
    ཁུལ་ཐད་གཏོགས་སྡེ་ཚན། ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས། བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དཔུང་ཁག་གི་གདན་ཞུས་ལྟར་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།
    ཚོགས་ཆེན་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུ་སྒྲའི་ཁྲོད་ནས་མཇུག་འགྲིལ་བ།