སྲིད་གྲོས་ཨུ་ཡོན་གྱི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འདས་ཟིན་པའི་ལོ་གཅིག་རིང་མི་དམངས་ལ་གྲོས་མོལ་བྱས་ནས་དོན་གཉེར་བྱེད་པའི་གྲུབ་འབྲས་ལ་ཡིད་འཛིན་དང་ལོ་གསར་བའི་རིང་ལ་གྲོས་འགོ་བཏོན་ནས་སྲིད་སྐྱོང་བྱ་རྒྱུའི་རེ་བ་བཅངས་ནས་ཁུལ་ཡོངས་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་རྣམས་མཉམ་དུ་འཛོམས་ནས་བློ་གྲོས་ལྡན་པའི་གཏམ་བཤད་དང་དངོས་སྒྲུབ་ཀྱི་ཐབས་ཇུས་འབུལ་ཡོད། 

    ཁུལ་སྲིད་གྲོས་ཨུ་ཡོན་བློ་བཟང་རྒྱལ་མཚན་གྱིས།     
    ལས་མི་དང་ཚོང་གཉེར་མི་སྣའི་བུ་ཕྲུག་སློབ་གྲྭར་ཞུགས་པའི་འགྲོ་ལམ་སྟབས་བདེ་བྱས་ནས་ཁོང་ཚོའི་སློབ་གསོའི་ཁེ་དབང་འགན་སྲུང་ཡོང་བའི་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།    བདེ་ཆེན་དུ་ལས་མི་དང་ཚོང་གཉེར་བྱེད་མཁན་བུ་ཕྲུག་གི་སློབ་གསོའི་གནད་དོན་ལ་དོ་ཁུར་བྱས་ཏེ་ཁོང་ཚོའི་སློབ་ཞུགས་འགྲོ་ལམ་སྔར་བས་སྟབས་བདེ་བྱས་ནས་འདྲ་མཉམ་གྱི་སློབ་གསོའི་གོ་སྐབས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།   
  ཁུལ་སྲིད་གྲོས་ཨུ་ཡོན་ཧོ་དབྱི་ཧྥང་གིས།    
    སྲིད་གཞུང་གིས་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ།    གྲོང་གསེབ་ཀྱི་ཁང་ས་དོ་དམ་སྲིད་ཇུས་དངོས་སུ་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་པར་རེ་བ་ཡོད་ཅེས་བཤད།  
  ཁུལ་སྲིད་གྲོས་ཨུ་ཡོན་མ་ཚའེ་ཧྭ་ཡིས།    
    སྲིད་གཞུང་གིས་རང་ཁུལ་གྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    འབྲེལ་ཡོད་རྣམ་གྲངས་དང་མ་དངུལ་ཐད་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་གྲོས་འགོ་བཏོན་ཡོད།     
ཁུལ་སྲིད་གྲོས་ཨུ་ཡོན་ཀྲའོ་ཧུང་ཁུན་གྱིས།     
    དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་བདག་དེ་བས་མང་བས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་ཤེས་རྟོགས་དང་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལོ་ན་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་གནད་དོན་ལ་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།     
    ཁུལ་སྲིད་གྲོས་ཨུ་ཡོན་ཚེ་རིང་ལྷ་འཛོམས་ཀྱིས།
    ཨུ་ཡོན་རྣམས་དུས་བཀག་ལྟར་གཞི་རིམ་དུ་གཏིང་ཟབ་ཏུ་བསྐྱོད་དེ་བརྟག་ཞིབ་བྱས་པ་བརྒྱུད་སྲིད་ཇུས་གཏན་འབེབས་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་སྔར་བས་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྲིད་ཇུས་དང་གཞི་རིམ་གྱི་དོན་དངོས་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།   
  ཁུལ་སྲིད་གྲོས་ཨུ་ཡོན་དབྱང་ཧྲོང་ཚེ་རིང་།     
    རང་ཁུལ་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།    རང་ཁུལ་ས་མཐོའི་ས་ཁུལ་དུ་གནས་པ་དང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལྡན་པས།    ཉེ་བའི་ལོ་ཤས་རིང་ཕྱི་རོལ་དུ་རྐང་ཐང་དུ་བསྐྱོད་ནས་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཡུལ་སྐོར་བ་མང་པོ་ཞིག་ཡིད་དབང་བཀུག་ཡོད།    ཡུལ་སྐོར་བྱེད་སྒོ་མང་དུ་ཕྱིན་པ་དེས་རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོན་ཤུགས་བཟོས་ཡོད།    དེ་མཚུངས་ཀྱི་སྲིད་ཇུས་བཏོན་ནས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་དོ་སྙོམས་ལེགས་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།
    ཁུལ་སྲིད་གྲོས་ཨུ་ཡོན་ཝང་ཞའོ་ཁྲང་གིས།     
    《གྲོང་ཁྱེར་དོ་དམ་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུ་དང་འབྲེལ་གྲོང་མི་ཡོངས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་ནི་རང་རྒྱལ་གྲོང་ཁྱེར་ཅན་གྱི་འཕེལ་རིམ་དང་དེང་རབས་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།     ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།    སྤྱི་དམངས་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།    གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་དང་།    འཆམ་མཐུན།    དཔལ་ཡོན་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།