ཁུལ་སྲིད་གྲོས་ཀྱི་2024ལོའི་ལས་ཀའི་ཕྱོགས་བསྡོམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2024ལོར་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགོ་ཁྲིད་འོག་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ལག་བསྟར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་ཚོགས་ཆེན་ཐོག་གི་གལ་ཆེའི་གསུང་བཤད་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་དོན་ཆེན་བཞིར་དམ་པོ་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་རྒྱང་སྐྱོད་གསར་པའི་ཆེད་སྟོབས་ཤུགས་གཙོ་བོ་འཕུལ།
    ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རང་ངོས་འཛུགས་སྐྲུན་གཏིང་ཟབ་ཏུ་བསྒྱུར།
ལོ་གཅིག་རིང་ཁུལ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་ལས་ཀའི་ཐད་ཀྱི་ཁྱོན་ཡོངས་འགོ་ཁྲིད་ཨང་དང་པོར་བཞག་པ། དགོངས་སྐོར་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས། རིམ་པ་མང་བའི་སློབ་སྦྱོང་མ་ལག་འཛུགས། སྲིད་གྲོས་རུ་ཁག་གི་བསམ་བློའི་རྨང་གཞི་བརྟན་པོར་བཏང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་སྤེལ། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་དང་《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས། སྲིད་གྲོས་ཏང་    ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་སྤེལ་རེས་ཞིབ་འཇུག་གྲོས་བསྡུར་བྱས།
    དུས་མཚུངས་སུ་ཆེད་དོན་ཨུ་ལྷན་གྱི་ནུས་ལྡན་རྣམ་པའི་ཏང་ཀྲི་པུའུ་6བཙུགས་པ་དང་། སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་སྲིད་གྲོས་ལས་ཀའི་ལམ་ལུགས་ཅན། རྒྱ་ཁྱོན་ཅན། གོ་རིམ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། ཨུ་ཡོན་ལ་ཞབས་འདེགས་དོ་དམ་གྱི་ཐད་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དང་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཞབས་འདེགས་ལེགས་གཏོང་དང་དོ་དམ་བྱེད་ཤུགས་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་ནས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་དང་འགན་འཁུར་བའི་སྙིང་སྟོབས་མཐོ་རུ་བཏང་།
    ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས།
    ལོ་གཅིག་རིང་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་འབྲེལ་གཏུག་ལས་ཀར་ཞུགས་ནས་གནད་དོན་ཐག་གཅོད་ལ་རོགས་སྐྱོར་བྱས།  ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་ནན་ཏན་བྱས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་རྟོག་ཞིབ་ཞིབ་དཔྱད་སྤེལ། སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་དམིགས་ནས་བདེ་ཆེན་ཁུལ་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དང་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་གནད་ཆེའི་ལྟ་ཞིབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ནས་ཆེད་དོན་ཞིབ་དཔྱད་བྱས། གྲོང་ཁྱེར་འགྲིམ་འགྲུལ་རྒྱ་ཁྱོན་ཅན་གྱི་དོ་དམ་དང་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གྲོས་དོན་དམིགས་ནས་ཆེད་དོན་གྲོས་མོལ་ཐེངས་བཞི་སྤེལ།བརྙན་ཐུང་གསར་རྩོམ་འགྲན་བསྡུར་དུ་ཧུར་ཐག་ཞུགས་ནས་ཡུལ་སྐོར་གྱི་རྣམ་པ་གསར་པ་འཛུགས་པ།
    དམངས་དོན་དུ་འགན་འཁྲི་ཏན་ཏིག་སྒྲུབ་པ།སྲིད་གྲོས་ཀྱི་དྲོད་ཚད་བརྒྱུད་སྤྲོད་བྱས།
    ལོ་གཅིག་རིང་གནད་ཆེའི་གྲོས་གཞི་སྒྲུབ་པའི་གྲོས་མོལ་བྱེད་སྒོ་ཐེངས་5སྒྲིག་འཛུགས་བྱས་ནས་དམངས་འཚོའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་ནགས་དཔོན་ལམ་ལུགས། ཆུ་(མཚོ)དཔོན་ལམ་ལུགས་དམིགས་ནས་ཆེན་དོན་དམངས་གཙོའི་ལྟ་སྐུལ་བྱས། ཨུ་ཡོན་སྒྲིག་འཛུགས་བྱས་ནས་གཞུང་ཞབས་པའི་བསྡུ་ལེན་ལྟ་སྐུལ་དུ་ཞུགས། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ་གྱོད་དོན་ཐོ་འགོད་ཀྱི་གྲོས་གཞི་135སྤུས་ཚད་མཐོ་བའི་ངང་ཐག་གཅོད་བྱས། སྤྱི་ཚོགས་གནས་ཚུལ་གྱི་ཆ་འཕྲིན་ལས་ཀ་ཤུགས་ཆེ་དང་ལེགས་སུ་གཏོང་བའི་ལག་བསམ་འཆར་དཔར་འགྲེམ་བྱས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་འཇོག་གནས་ཀྱི་རིན་གོང་ཅུང་མཐོ་བ་སོགས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གནད་དོན་ཐག་གཅོད་པ།
    ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ་དང་ལག་གདང་སྦྲེལ་ནས་ལས་རིགས་ཁག་དང་མཉམ་དུ་སྐྱོད།
    ལོ་གཅིག་རིང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས་མི་དམངས་མཐུན་ཚོགས་ཁག་སོ་སོ་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ། ཏན་ཁྲོན་བོད་ཞིང་ཆེན་དང་ཆུས་གསུམ་གྱི་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་དུས་སྔོན་ལས་ཀ་ཧུར་ཐག་ངང་ལེགས་སྒྲུབ་བྱས། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ལས་འགན་སྒྲུབ་པ་དང་མཉམ་འདྲེས་བྱས། དཔེ་ཀློག་བརྗེ་རེས་མཉམ་སྤྱོད་བྱ་འགུལ་སྤེལ་ནས་ལས་འགན་སྒྲུབ་པའི་དངོས་ཕན་མཐོ་རུ་བཏང་། རིག་གནས་ལོ་རྒྱུས་དཔྱད་གཞི་6རྩོམ་སྒྲིག་ལེགས་འགྲུབ་བྱུང་།