ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པ་མཇུག་བསྒྲིལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



    ཟླ་2པའི་ཚེས་19ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྐབས་བཅུ་བཞི་པའི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་ལེགས་གྲུབ་བྱུང་སྟེ། སེམས་ཀྱི་ཉི་ཟླར་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།

    ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་འཐུས་མི་245ཕེབས་དགོས། དངོས་སུ་འཐུས་མི་209ཕེབས་ཡོད་པ་དེ་ཁྲིམས་གཏན་མི་གྲངས་དང་མཐུན་པ་རེད།

    ཚོགས་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། དམངས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལག་བསྟར་ཀྲུའུ་ཞི་ལི་ཡན་ལན་གྱིས་གཙོ་སྐྱོང་གནང་།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་འཁུར་བ་དང་ཀྲུའུ་ཞིའི་སྟེགས་བུར་བཞུགས་མཁན་ད་དུང་ལུའོ་ཁྲའོ་ཧྥེང་། ཕེན་ཧྲན། ཞའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཀྲང་ལི་ཅུན། ལི་ཝུན་ཝུ། ཕེང་ཡའེ་ཧོང་། ལི་ཝུན་སོགས་ཡོད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲུང་ཝེ་ཏུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཀྲུའུ་ཞིའི་སྟེགས་བུར་བཞུགས།

    གྲོས་ཚོགས་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་བདེ་ཆེན་ཁུལ་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་གྲོས་ཆོད།  བདེ་ཆེན་ཁུལ་2024ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2025ལོའི་ས་གནས་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད།  བདེ་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད།   བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》བཟོ་བཅོས་སྐོར་བྱེད་པའི་གྲོས་ཆོད་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

    ལི་ཡན་ལན་གྱིས་གསུང་བཤད་ཁྲོད་བསྟན་དོན། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།    འཐུས་མི་དང་བློ་མཐུན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད།  གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། འདི་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་།     དམངས་གཙོ་མཐུན་སྒྲིལ།    མི་ལ་སྐུལ་མ་ཐེབས་པའི་ཚོགས་ཆེན་ཞིག་རེད།    ཚོགས་ཆེན་གྱི་སྐབས་སུ།འཐུས་མི་རྣམས་པས་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་བློ་ལ་བརྟན་པོར་བཞག་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་གྲོས་འགོ་ཧུར་ཐག་བཏོན་པ་དང་།    འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ།    ཆབ་སྲིད་ཀྱི་སྤྲོ་སེམས་ཕུན་སུམ་ཚོགས་པོ་དང་འགན་འཁྲི་དྲག་པོ་མངོན་པར་བྱས།
    ལི་ཡན་ལན་གྱིས་འགྲུལ་བཞུད་གསར་པའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ།    ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པ་དང་།    མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།    མི་དམངས་འཐུས་ཚོགས་དེ་ཁྱོན་ཡོངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ནུས་ལྡན་ངང་ལག་བསྟར་བྱེད་པའི་འགན་སྲུང་ནུས་པ་དང་།    ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ།    ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་ནུས་པ།    མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ།   ཁུལ་ཨུའི་ལས་དོན་བཀོད་སྒྲིག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་།    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ།    “ཁྱིམ་དང་།    ས་ཚུགས།    ཁང་གཞི ”དང་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་བཅས་བེད་སྤྱོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་“གོ་ཐུབ་པ་”དང་རེ་འདུན་“ལེགས་པར་སྒྲུབ་ཐུབ་པར་”བྱེད་དགོས།བསྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་།    མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚད་ལྡན་ཅན་དང་།    ལམ་ལུགས་ཅན།    ཚན་རིག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ།    དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས།  བྱ་སྤྱོད་ཧུར་ཐག་བཅས་བྱས་ཏེ།    ཧུར་བརྩོན་གྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབྲི་ཆེད་ལེགས་སྐྱེས་གསར་པ་དང་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་གྱིས་བསྟན་པ་རེད།  
    ཀྲུའུ་ཞི་སྟེབས་བུའི་ཐོག་བཞུགས་མཁན་ད་དུང་དབྱང་ཙི་ཅང་དང་ཀྲུའུ་ཧུང་། ལི་དབྱང་། ལིའོ་ཝུན་ཚའེ།ཁྲེན་ཆུན།ལུའུ་ཀྲི་ཅུན།དབྱང་ཞུའེ་ཝུན།ཧྥེ་པིན་ཆང་།ཞུང་ཝུན་པིན།ཧུའུ་ཧྥེ་ཞུང་། ཡུས་ཧྲེང་ཞང་། ཡུས་ཀུའེ་ཧྥུན། ཞུས་ཀོང་ཏེ།ལིན་ཧའོ།ལི་ཐའོ།པའོ་ཡུས་ཏུང་།ཧོང་ལུང་ཞིན།ཁྲེན་ཅུན་མིང་།སྐལ་བཟང་རྣམ་རྒྱལ།དབྱང་ཅི་ཝུན།ཕན་ཞུའེ་ཡིན།ལིའུ་ཐེན་མིང་།མེང་གོ་པིན་སོགས་བཞུགས་ཡོད།
    ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
    ཚོགས་ཆེན་ནི་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ་བ།