འཐུས་མིའི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    འཐུས་མི་སུན་ཧུང་མེས་ཁུལ་སྲིད་གཞུང་དང་སྡེ་ཚན་ཁག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དོ་དམ་ལ་ཚད་མཐོའི་དོ་ཁུར་བྱས་ཏེ་ཁྲིམས་འགལ་ས་ཞིང་ཉོ་ཚོང་དང་ཁྲིམས་འགལ་འཛུགས་སྐྲུན་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་ཁྱེར་མེད་པའི་ཁང་པ་དོ་དམ་ཐག་གཅོད་འོས་འཚམ་བྱས་ཏེ་བེད་མེད་ས་ཆའི་ཐོན་ཁུངས་གསར་བཟོ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
    འཐུས་མི་ཁྲེན་ཡུང་ཕིང་གིས་གཅིག་ནི་སྲིད་ཇུས་དང་མ་དངུལ་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་ཆེན་གཏོང་བ་དང་། སྣེ་ཁྲིད་ཁེ་ལས་འགུགས་པ།    ས་མཐོའི་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།     གཉིས་ནི་ཁུལ་ཡོངས་ཀྱི་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།  
   
    འཐུས་མི་བློ་བཟང་བསྟན་པས་གཅིག་ནི་ལམ་སྲོལ་ཡག་པོ་བཙུགས་ནས་ཐོན་ལས་འབྲེལ་ཐག་གཏོད་པར་བརྟེན་ནས་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནི་ཚོང་རའི་དཔལ་འབྱོར་གྱི་བསམ་གཞིགས་རྒྱ་སྐྱེད་བཏང་སྟེ།    མུ་མཐུད་དུ་ཞབས་ཞུར་ཤུགས་སྣོན་དང་ཁྲིད་སྟོན་བྱས་ཏེ།    ཁེ་ལས་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་དགོས།     གསུམ་ནི་གཅིག་བསྡུས་དྲོད་འདོན་ལག་བསྟར་བྱེད་པ་དང་དུས་མཚུངས་དབྱང་མཁོ་སྤྲོད་རྣམ་གྲངས་ལག་བསྟར་བྱེད་དགོས་པའི་གྲོས་འགོ་བཏོན་པ།   
    འཐུས་མི་ལི་ཆི་ལེན་གྱིས་གཅིག་ནི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲིམས་སྐྱོང་དྲིལ་བསྒྲགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གཉིས་ནི་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱ་དགོས།     གསུམ་ནི་གྲོང་ཁྱེར་དོ་དམ་དང་ནུས་པ་མཐོ་རུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ།    
    འཐུས་མི་དབྱང་ཅན་ཧྭས་ཆུ་གློག་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམིགས་ནས། རིམ་པ་ཁག་དང་སྡེ་ཁག་ཁག་གིས་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་པ་དང་།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་འཆར་འགོད་ནན་ཏན་བྱེད་དགོས།    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་པ།     
    འཐུས་མི་ཧོ་དབྱི་ལུང་གིས་ཁུལ་ཡོངས་ཀྱི་དེང་རབས་ས་བོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱ་དགོས། མཁོ་ཚོང་ཕྱོགས་བསྡུས་བསྒྱུར་བཅོས་ལ་མཐོང་ཆེན་དང་། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་བསྒྱུར་བཅོས་གཏིང་ཟབ་དང་དངོས་པོར་སྐུལ་འདེད་བཏང་ནས་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ།